[A:༡༦༤བ]ཁྱད་པར། ལུང་རྟོགས་ཀྱི་ཡོན་ཏན་ཇི་ལྟར་མངའ་བའོ། །དང་པོ་ནི། འཇམ་པའི་དབྱངས་ཀྱང་མི་ཡི་གཟུགས་འཛིན་པས། །སྣ་ཚོགས་ཐབས་ཀྱིས་དུས་ལས་མི་ཡོལ་བར། །རྣམ་མང་འགྲོ་བའི་མགོན་སྐྱབས་དུ་མ་མཛད། །བླ་མ་མཆོག་ཁྱོད་འཇིག་རྟེན་ཀུན་ལ་བརྩེ། །ཁྱོད་ནི་རྡོ་རྗེ་གསུམ་ལས་བསྐྱེད་གྱུར་པས། །ལེགས་བྱས་བསོད་ནམས་དཔག་མེད་ཀྱིས་འཕངས་ཏེ། །མྱང་འདས་རྩེ་མོར་ཕྱིན་པའི་དམ་པ་མཆོག །རྩོད་མེད་མཁས་པའི་དབང་པོར་ཀུན་ལ་གྲགས། །བཀྲ་ཤིས་དགེ་མཚན་དཔལ་གྱིས་མངོན་མཐོ་བ། །ས་ཡི་མཆོག་གྱུར་ས་སོགས་དཀར་མདངས་སྐྱ། །ཆོ་འབྲངས་མཆོག་གྱུར་མ་རིག་ལ་འཁོན་ཏེ། །སྤང་བྱའི་གཡུལ་ལས་རྒྱལ་བར་འཁྲུངས་ལ་འདུད། །ཅེས་པ་སྟེ། ཡབ་བླ་ཆེན་ས་སྐྱ་པ་དགུང་ལོ་ལྔ་བཅུ་རྩ་གཅིག་བཞེས་པ་ཆུ་ཕོ་ཁྱིའི་ལོ་ལ་དཔལ་ལྡན་ས་སྐྱའི་ཆུ་མིག་རྫིང་གར་སྐུ་བལྟམས་པ་ཡིན་ནོ། །དེའི་དུས་སུ་རྡོ་རྗེ་གདན་གྱི་སྒོའི་མ་ཐེམ་ལ།