[A:༡༧༣ན]པ་ནི། དགེ་འདུན་མང་དུ་བསགས་པའི་ཆོས་འཁོར་ལན་གསུམ་མཛད། རྒྱུན་ལྡན་དུ་དགེ་འདུན་བརྒྱ་ཕྲག་ཙམ་གྱི་འཚོ་བ་སྦྱོར། དབུ་རྩེ་རྙིང་མར་གྲགས་པའི་གཙུག་ལག་ཁང་། ཡབ་ཀྱི་ནང་རྟེན་བཀྲ་ཤིས་སྒོ་མངས། མེས་ཀྱི་ནང་རྟེན་གསེར་འབུམ་ཆེན་མོ། གཅེན་དང་གཅུང་གི་ནང་རྟེན་གསེར་སྐུ་ཆེན་མོ་རེ་རེ། དེ་དག་གི་དྲུང་དུ་དཀར་མེ་མཚན་ཐུབ་བརྒྱ་རྩ་ཆག་མེད་ཀྱི་རྒྱུན། གཞན་ཡང་ཆེན་པོ་ལ་འོས་པའི་བླ་རེ་ཡོལ་བ། འཕན་གདུགས་རྒྱལ་མཚན། དྲིལ་བུའི་གདང་རིང་། གསེར་གྱིས་མདོ་མངས་དང་རྒྱུད་འབུམ་ལ་སོགས་པའི་བཀའ་འགྱུར་ཕལ་ཆེར་གསར་དུ་བཞེངས། གཞན་གྱིས་ཕུལ་བའི་འབུམ་ཆ་སུམ་བརྒྱ་ཙམ་བྱུང་བའི་སྟེང་ནས་བརྒྱ་ཕྲག་གཅིག་གཙུག་ལག་ཁང་དེར་བཞུགས་སུ་གསོལ་ནས། ཉིས་བརྒྱ་དགེ་འདུན་གྱི་སྡེ་སོ་སོར་བསྟན་པའི་རྒྱུན་ལ་ཕུལ། མདོར་ན་ཆོས་དང་ཟང་ཟིང་གི་དཔལ་འབྱོར་གང་ལའང་འཛིན་