[A:༡༧༥བ]པ་ཚེགས་ཆུང་ངུས་མཁྱེན། རྗེ་བཙུན་ཆེན་པོ་ལ་དབང་བཤད་རྒྱུད་མན་ངག་རྒྱུན་མ་ཆད་པ་གསན་ཏེ། དགུང་ལོ་བརྒྱད་པ་ལ་མཚོ་སྐྱེས། བཅུ་པ་ལ་བརྟག་གཉིས། བཅུ་གཅིག་པ་ལ་གུར་སམ་ཐུགས་ལས་གསུངས་པས་ཀུན་གྱིས་ཡ་མཚན་དུ་འཛིན། མདོར་ན་བཅོ་ལྔ་པ་ལ་རྗེ་བཙུན་ཆེན་པོས་བུམ་པ་གང་བྱོའི་ཚུལ་དུ་ཐུགས་སུ་ཆུད། བཅོ་བརྒྱད་པ་ལ་ཨ་ཕྱི་འབུམ་པའི་དྲུང་དུ་སློབ་དཔོན་དབྱིག་གཉེན་ལ་མཛོད་ཚར་གཅིག་མནལ་ལམ་དུ་གསན་པས་ཐུགས་སུ་ཆུད་ཅིང་། ཕྱོགས་ཀྱི་གླང་པོའི་ཕུག་པ་ཡིན་ཟེར་བ་ཞིག་ཚད་མའི་དཔེ་ཆས་བཀང་བའི་ལྡེ་མིག་གཏད་པ་རྨིས། བཅུ་དགུ་པ་ལ་དོན་མོ་རི་བ་ཞུ་སྟོན་རྡོ་རྗེ་སྐྱབས་ལ་བྱམས་ཆོས་རྩ་འགྲེལ་དང་དབུ་མ་མང་དུ་གསན། ཉི་ཤུ་པ་ལ་ཉང་སྟོད་རྐྱང་འདུར་དུ་འཚུར་སྟོན་གཞོན་ནུ་སེང་གེ་ལ་ཚད་མ་རྣམ་ངེས་ལ་སོགས་པའི་དབུ་ཚད་མང་དུ་གསན། དེའི་བར་སྐབས་ལ་ས་སྐྱར་ཡབ་གཤེགས་ནས་བྱོན་དགོངས་རྫོགས་བསྒྲུབས། སྐུ་སྐལ་ཡང་ཕུལ། དེར་རྗེས་