[A:༡༧༦བ]སོགས་གསན། སྤྱི་ལྷས་པ་བྱང་ཆུབ་འོད་དང་། རྩིས་པ་དབང་ཕྱུག་སེང་གེ་ལ་ཡང་བྱམས་ཆོས། དབུ་མ། བསླབ་སྤྱོད་ལ་སོགས་པ་དང་། ཁྱད་པར་སྤྱི་ལྷས་པ་ལ་མན་ངག་ཞི་བྱེད། རྫོགས་ཆེན། རིམ་ལྔ། ནཱ་རོ་ནཻ་གུ་ལ་སོགས་པ་བོད་ན་ཡོད་ཚད་གསན་ཏེ། ལན་རེ་ཟུང་རེ་ཙམ་གྱིས་རྫོགས་པར་ཐུགས་སུ་ཆུད་དོ། །དགུང་ལོ་ཉེར་བདུན་པ་ལ། པཎ་ཆེན་གྱིས་མཁན་པོ། སྤྱི་ལྷས་པས་ལས་སློབ། ཞུ་སྟོན་རྡོ་རྗེ་སྐྱབས་ཀྱིས་གསང་སྟོན་བྱས་ནས་དགེ་འདུན་གྲངས་དང་མཚན་ཉིད་ཚང་བའི་དབུས་སུ། ཉང་སྨད་རྒྱན་གོང་གི་གཙུག་ལག་ཁང་དུ་རབ་བྱུང་བསྙེན་རྫོགས་མཛད་དོ། །འཁོན་ས་སྐྱ་པའི་གདུང་བརྒྱུད་ཀྱི་ནང་ན་ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་གཙུག་རྒྱན་མཛད་དེ། གངས་ཅན་པ་ཐམས་ཅད་རབ་ཏུ་བྱུང་བ་ལ། ཆེས་གཙོ་བོར་གུས་པར་བྱ་བའི་རྒྱུན་གྱི་གཙོ་བོར་འདི་འཛིན་ཏོ། །དེ་ལྟར་ཚངས་པར་སྤྱོད་པ་མཐའ་དག་གི་གཙོ་བོ་དགེ་སློང་གི་སྡོམ་པ་བཞེས་ཏེ། སོ་ཐར་