[A:༡༨༦བ]གཟིགས་པ་དང་། འོད་གསལ་རྒྱུན་མི་འཆད་པ་དང་། མངོན་པར་ཤེས་པའི་ཡོན་ཏན་དཔག་ཏུ་མེད་པ་མངའ་སྟེ་སྐྱིད་གྲོང་དུ་ཇོ་བོའི་དྲུང་དུ་བྱོན་པའི་ཚེ། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་ཞལ་གཟིགས་པ་ལ་མནལ་ལམ་དུ་བསྟོད་པ་མཛད་པ་དང་། རི་བོ་རྩེ་ལྔར་བྱོན་པའི་ཚེ། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་གཟིགས་ནས་བསྟོད་པ་མཛད་པ་དང་། ཡང་ཆོས་རྗེ་ས་པཎ་བྱང་ངོས་ལ་འབྱོན་པའི་དུས་སུ། ཡང་དགོན་པས་མཇལ་ཏེ། བླ་མ་ནི་གོང་ལ་གཤེགས་པར་གདའ། བདག་ཅག་སློབ་མ་རྣམས་ལ་ཕྱག་དང་བསྙེན་བཀུར་བྱེད་པ་དང་། མོས་གུས་ཀྱི་གནས་སུ་གྱུར་པའི་སྐུ་ཚབ་ཅིག་འཚལ་བར་གདའ་བ་ལ། དབོན་པོ་འདི་པ་ཡང་དག་པ་ལགས་སམ་ཞུས་པས། དབོན་པོ་རྣལ་མ་ལགས་གསུངས་ནས། བླ་མ་འདི་ཕ་ཚད་ན་རྡོ་གཅིག་འདུག་པ་ལ་བསྙེས། སྤྱན་མ་བཙུམ་པར་མནལ་དུ་སོང་འདུག་པ་བསྟན་ནས། འདི་འོད་གསལ་ཟིན་པའི་རྟགས་ལགས། སྤྱིར་ངེད་ཀྱི་མི་བརྒྱུད་རྣལ་མ་ལ་འོད་གསལ་ཅུང་ཟད་རེ་རྒྱུན་