[A:༡༨༧བ]ང་ཞུ་བ་ལ་འོང་པ་དང་འདྲ། གཞན་མནར་མེད་པ་ཡིན། གཡས་ཀྱི་རྩོམ་པས་ཅི་བྱེད། ཆོས་སེམས་ཐོག་ཏུ་མི་འཇོག ཚིག་གཅིག་མི་བསྔོ་བའི་གཏོར་སྐད་ཀྱིས་ཅི་བྱེད། བླ་མར་མི་འདུག་སྙམ་པ་ཞིག་བྱུང་བ་དང་། བདག་ཉིད་ཆེན་པོ་འདིས་ཇོ་གདན་ལ་སྤྱན་ཅེར་ཏེ་གཟིགས་ནས། གཏོར་མ་འདི་ལ་བཤམས་པས་ཐོབ་པ་ཁོས་བཤམས་པ་ཡིན། དམིགས་པས་ཐོག་པ་དེ་ངས་བྱེད། །བསྔོས་པས་ཐོབ་པ་དེ་ཁྱོད་ཀྱི་གྱིས་གསུངས་པ་དང་། ཇོ་གདན་ཤིན་ཏུ་སྐྲག་ནས། མངོན་པར་ཤེས་པ་ཐོགས་པ་མེད་པ་མངའ་བར་འདུག་པ་ལ། ངས་ལོག་ལྟ་བྱས་པ་མ་ལེགས་སྙམ་ནས་ལུས་ཐམས་ཅད་ས་ལ་ཕབ་པའི་ཕྱག་བྱས། བཤགས་པ་ཕུལ། མཆོག་ཏུ་ངོ་མཚར་བར་གྱུར་ཏེ་བསྟོད་ཚིག་གི་སྒྲ་དབྱངས་ཀུན་ཏུ་སྒྲོག་པར་གྱུར། བླ་མའི་མཛད་སྤྱོད་ཐམས་ཅད་གང་ལ་གང་འདུལ་དུ་རྟོགས། སེམས་ཅན་གསོད་སྤྱོད། ཁྲལ་འུ་ལག་སོགས་རང་གི་ལས་སུ་གོ་ནས་ངེས་པའི་ཤེས་པ་ཁྱད་པར་ཅན་སྐྱེས་པར་གྱུར