[A:༡༨༩ན] གོ་དན་གཤེགས་དང་བསྟུན་ངོ་ལོག་བརྩམས་སེ་ཆེན་འདོན་རྒྱུ་ཡིན་པ་ལ། འགྲོ་མགོན་ཆོས་རྒྱལ་འཕགས་པས་ཐབས་རྟེན་འབྲེལ་དང་། བྱིན་རླབས་སྲུང་འཁོར་སོགས་མཛད་པས་སེ་ཆེན་ལ་རྒོལ་མ་ཐུབ་མཐར་འུ་ཐུག་ནས་ཧུ་ལ་ཧུ་ན་རེ། ད་ཁྱོད་རང་རྒྱལ་པོ་གྱིས། ང་རང་ས་ཆ་གཞན་དུ་སྤྱད་པས་ཆོག དམག་དུམ་ཅིག་བསླང་། ང་རང་གཞན་དུ་འགྲོ་ཟེར་བ་ལ། སེ་ཆེན་གྱིས་དམག་ཁྲི་ཕྲག་བཅུ་བདུན་བྱིན་པ་རྣམས་ཁྲིད་ནས་སྟོད་དུ་ཕྱིན། ས་ཆ་ཧོར་ཡུལ་དིང་ཆེན་ཞེས་བྱ་བར་གཞི་བཅས། མང་དུ་འཕེལ་བ་དིང་སང་སྟོད་ཧོར་དུ་གྲགས་པ་འདི་ཡིན་ཞིང་། བླ་མ་འཕགས་པའི་བྱིན་རླབས་ཀྱིས་སེ་ཆེན་ལ་རྒྱལ་ས་ལེན་མ་ཐུབ་པས། འཕགས་པ་རིན་པོ་ཆེ་ལ་འཁོན་དུ་བཟུང་། འབྲི་ཁུང་པ་དང་ཕག་གྲུ་བའི་སྦྱིན་བདག་བྱས། དེང་སང་འཕན་ནག་ཏུ་གྲགས་པའི་སྟོད་ཧོར་གྱི་སྒྱེར་ཐགས་དང་བཀྲས་ཐགས་གཙོ་