[A:༡༩༡ན]རང་གི་དམག་ཀྱང་འདི་ཙམ་འདུག་པ་ཞེས་ཟེར་བ་ལ། འདི་རྣམས་དམག་མིན་དགེ་འདུན་ཚོགས་པ་ཡིན་བྱས་ཁོང་དགའ། ཡང་རྒྱལ་པོས་ལྷ་ཁང་ཆེན་མོ་མཐོང་བ་ན། དགོན་པ་དབོན་པོ་ཁོ་ས་སྐྱ་པ་ལ་རྫོང་མེད་ཟེར་ཏེ། གཞན་ལ་མེད་པའི་རྫོང་འདི་འདྲ་འདུག་ཟེར་བ་ལ། འདི་རྫོང་མིན། གཙུག་ལག་ཁང་ཡིན་བྱས་པས་ཀྱང་ཁོ་དགའ་སྐད། དེ་ནས་ས་སྐྱ་པ་རྣམས་ཀྱིས་འཇིགས་འཇིགས་ལྟར་བྱས་ནས། གཡག་གཟེང་དང་། མི་ནག་དུང་ལོང་ཅན་རྣམས་ཀྱི་རོལ་སྟབས་དང་བསྟུན་འཆམ་པ་རྒྱལ་བུས་མཐོང་བས། ནག་རང་པ་ཕ་གི་ཚོས་ངེད་ཀྱི་དམག་སྒར་གྱི་གསེབ་ལ་འོང་ནས་མེ་སླང་བ་སྐད་བྱས། མི་འཚམས་པ་སྣ་ཚོགས་བྱེད་མཁན་དེ་ཚོ་ཡིན་པ་འདུག་ཟེར། གཡག་གཟེང་མཐོང་བས་ཕ་གི་ཚོས་ངེད་རང་ཧོར་ཡུལ་ནས་དམག་ལ་ཆས་ཙམ་ནས་བཟུང་རྭ་རྩེ་ལ་བླངས་ནས་ས་ལ་བརྡེབ་པ་སོགས་ཆོ་འཕྲུལ་དུ་མ་བསྟན་མཁན་དེ་ཚོར་འདུག་ཟེར། ཚུལ་དེ་དག་ནི་དོན་ལ་ཆོས་