[A:༢༠༠ན]དག་གསན། སྦས་པའི་རྣལ་འབྱོར་པ་བར་སྡིང་པ་རྡོ་རྗེ་རྒྱལ་མཚན་ཞེས་གྲགས་པའི་མགོན་པོའི་གྲུབ་ཐོབ་ཅིག་བསྟེན་ནས་གསང་བའི་ཡིག་ཆུང་བཅོ་བརྒྱད་སོགས་ཟབ་མོའི་ཡང་ཏིག་མང་པོ་གསན། འདི་སྔགས་འཆང་ཀུན་དགའ་ཟླ་བའི་ཆོས་སྐྱོང་ཞུ་ས་དེ་ཡང་ཡིན་ཞིང་། དེ་ལྟར་བརྒྱུད་པ་གསུམ་གྱི་མན་ངག་མཐའ་དག་བཞུགས་པ་ཡིན་ནོ། །འདི་ལ་རིགས་ཀྱི་སྲས་གཅེན་རྒྱ་གར་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་དང་། གཅུང་རྡོ་རྗེ་འཆང་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་གཉིས་བྱུང་བ། འདི་གཉིས་ཀས་ཡབ་ཀྱི་དྲུང་དུ་མགོན་པོའི་ཆོས་སྐོར་གསན། ཆོས་སྐྱོང་མང་པོའི་ཞལ་གཟིགས། ནུས་པ་ཐོན་པ་ཡིན་ནོ། །བདག་ཆེན་རྒྱ་གར་བའི་དྲུང་དུ་ས་ལོ་འཇམ་པའི་རྡོ་རྗེ་སྐུ་མཆེད་རྣམས་ཀྱིས་གསན། ས་ལོ་ཆེན་པོ་དེ་ཉིད་དང་། ཡང་བདག་ཆེན་བློ་གྲོས་རྒྱལ་མཚན། མངའ་རིས་པ་དཔལ་ལྡན་རྒྱལ་པོ། སྤྱན་ཚབ་ཚུལ་ཁྲིམས་བཟང་པོ། རྗེ་སངས་རྒྱས་