R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༩༩བ
[A:༡༩༩བ]ནམ་མཁའ་ལེགས་པ་ལ་ཡོངས་སུ་རྫོགས་པར་གནང་ཞིང་། ཕལ་ཆེར་ཆོས་རྗེ་བླ་མ་དམ་པ་ལ་ཡང་སྩལ། བླ་མ་དམ་པས་ཁུ་དབོན་གཉིས་ཀའི་ཞབས་ལ་གཏུགས་ཏེ་བུམ་པ་གང་བྱོར་གསན། དེ་ལ་སློབ་མ་མཁས་བཙུན་བཟང་གསུམ་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་བྱུང་བ་ལས། མགོན་པོའི་སྙན་བརྒྱུད་ཐུན་མོང་མ་ཡིན་པ་རྣམས་རིན་ཆེན་སྒང་པ་རང་གི་སྒོས་ཀྱི་དབོན་པོ་བླ་ཆེན་ཀུན་དགའ་རྒྱལ་མཚན་པ་ལ་གནང་། དེས་རང་ཉིད་ཀྱི་སྲས་འཇམ་དབྱངས་ཆེན་པོ་ནམ་མཁའ་རྒྱལ་མཚན་དཔལ་བཟང་པོ་ལ་གནང་། འདི་སློབ་དཔོན་པདྨའི་སྤྲུལ་པར་གྲགས། ཡབ་སྲས་འདི་གཉིས་ཀྱིས་མགོན་པོ་འཁོར་བཅས་མངོན་སུམ་དུ་ཞལ་གཟིགས། ནུས་པ་ཐོན་ཆོས་སྐྱོང་གི་བདག་པོར་བྱེད། འཇམ་དབྱངས་ཆེན་པོས་མགོན་པོ་འདིའི་ཆོས་སྐོར་ལ་རྩལ་ཐོན་མཛད་དེ། ཡར་ལུང་པ་སེང་གེ་རྒྱལ་མཚན་གྱི་དབོན་པོ་མཁན་ཆེན་བསོད་ནམས་རྒྱལ་མཆོག་པ་བསྟེན་ནས་སྲོལ་འདིའི་མན་ངག་མཐའ་