R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༠༢ན
[A:༢༠༢ན]པ་བདག་ཆེན་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ་ནི། གསུང་ངག་ལམ་འབྲས་སོགས་དགྱེས་པ་རྡོ་རྗེའི་སྐོར་རྗེ་མུས་ཆེན་ལ་གསན་པ་དང་། ཡབ་ལ་གསན་པའི་ཆོས་སྐྱོང་ཆེ་ཆུང་གི་མན་ངག་སོགས་ལ་ཤིན་ཏུ་མཁས་ཤིང་མཁས་པའི་གྲགས་པའང་ཐོན། རྗེ་ས་སྐྱ་པ་ཆེན་པོའི་སྐུའི་རྣམ་འཕྲུལ་ཡིན་པའི་གཏན་ཚིགས་མཆོག་དང་ལྡན། དབེན་པ་ཁོ་ན་ལ་དགྱེས་ཤིང་སྒྲུབ་པ་གཙོ་བོར་མཛད་པས་ཉམས་དང་རྟོགས་པའི་བདག་ཉིད་ཆེན་པོར་གྱུར་པ། ནང་ཟབ་མོ་ལུས་ཀྱི་དཀྱིལ་འཁོར་དངོས་སུ་གཟིགས་པ་སོགས་རྒྱུད་སྡེ་ནས་བཤད་པའི་ས་ལམ་གྱི་ཡོན་ཏན་ཚད་མེད་མངའ། བྱེ་བྲག་ཏུ་མགོན་པོ་འདིའི་ཆོས་སྐོར་བརྒྱུད་པ་གསུམ་འདུས་སྙན་ནས་སྙན་དུ་བརྒྱུད་པའི་མན་ངག་ཕྲ་མོ་ཚུན་ཡབ་ཀྱི་དྲུང་དུ་རྫོགས་པར་གསན། བཞི་ཐོག་པ་བདག་ཆེན་ཀུན་དགའ་དབང་ཕྱུག་པ་ལ་ཐུན་མོང་པ་ངོར་ཆེན་ནས་བརྒྱུད་པ་ཡང་གསན། མགོན་པོ་འདིའི་ཆོས་སྐོར་