[A:༢༠༢བ]རགས་པ་ཡོངས་སུ་གྲགས་པའི་པོ་ཏི་ཆེ་བ་ཞིག་བསྒྲིགས་ཏེ། དཀར་ཆག་ཡིད་བཞིན་གྱི་ནོར་བུའི་བང་མཛོད་ཀྱི་སྒོ་འབྱེད་གསལ་བའི་ཡིད་འཕྲོག་ཅེས་བྱ་བ་མཛད། ཕྱིས་པོ་ཏི་དེ་ཉིད་ཇག་པས་ཁྱེར་དུས་མེ་འབར་བས་དིང་སང་མགོན་པོད་མེ་འབར་མར་གྲགས། གཞན་ཡང་གསང་སྒྲུབ་ཡིད་བཞིན་ནོར་བུ་སོགས་ཤིན་ཏུ་གསང་བར་འོས་པའི་ཡིག་ཆུང་མང་པོ་དང་། ལྷ་མོས་མནལ་ལམ་དུ་ལུང་བསྟན་པའི་བསྐང་གསོ་སོགས་ཟབ་ཅིང་མཐའ་ཆོད་པའི་ཡི་གེ་འགའ་མཛད་དེ། ཉིད་ཀྱི་གསུང་ལས། བོད་ཡུལ་བསྟན་པའི་མངའ་བདག་མཆོག །ས་སྐྱའི་རྗེ་བཙུན་ལས་བརྒྱུད་པའི། །ནག་པོ་ཆེན་པོའི་མན་ངག་ལ། །ང་མཁས་ཟེར་བ་མང་ན་ཡང་། །ཇི་བཞིན་རྟོགས་པ་ཁོ་བོ་ཙམ། །ཞེས་སོགས་མཁས་པའི་རྟོགས་པ་བརྗོད་པ་ཡང་མཛད། །མགོན་པོ་འཁོར་བཅས་ཀྱང་འཕྲལ་ནས་འཕྲལ་དུ་གཟིགས་ཤིང་སྐུ་དང་གྲིབ་མ་བཞིན་དུ་འགྲོགས་ནས་ལས་ཐམས་ཅད་ཀྱང་སྒྲུབ་པའི་ལོ་རྒྱུས་ཀྱང་བསམ་གྱིས་མི་