[A:༢༠༣ན]ཁྱབ་པ་སྣང་ངོ་། །བདག་ཆེན་རིན་པོ་ཆེ་ཡན་ཆད་དུ་ཆོས་སྐྱོང་འདི་པའི་མན་ངག་ཐུན་མོང་མ་ཡིན་པ་རྣམས་གདུང་བརྒྱུད་ཁོ་ན་ལ་གཅིག་བརྒྱུད་དུ་བཞུགས་པས། དེ་བཞིན་དུ་གདུང་བརྒྱུད་ཅིག་ལ་གནང་དགོངས་ནས། འཕྱི་མོའི་བར་དུ་བུ་སློབ་རྣམས་ལ་རྗེས་གནང་། ཡིག་ལུང་། ཕྱི་སྒྲུབ་ཀྱི་ལག་ཁྲིད་ཐོར་བུ་ཙམ་ལས་མ་གནང་ཞིང་། མེ་འབར་མའི་དཀར་ཆག་གི་ཚིག་བཅད་དུ་ཡང་། ཁམས་གཙང་དབུས་པའི་གྲྭ་པ་སོགས། །སྔོན་ཆད་སློབ་མ་མང་བྱུང་ཡང་། །སྙིང་ནས་དད་ལྡན་མ་བྱུང་ཕྱིར། །ཐུན་མོང་ཙམ་ལ་སྦྱིན་པ་མེད། །སྙིང་པོར་གྱུར་པའི་མན་ངག་རྣམས། །ཡང་མཛོད་དམར་པོའི་ཐུགས་དཀྱིལ་ལས། །གཞན་ནས་རྙེད་པར་མི་འགྱུར་བས། །དད་ལྡན་ཡོད་ན་བླང་བར་གྱིས།མེ་འབར་མའི་དཀར་ཆག །ཞེས་པའང་རྩོམ་པ་གནང་ཞིང་། རྩེ་གདོང་དུ་ས་ལོ་ཡུམ་སྲས་བཞུགས་སར་ཕྱག་རྟགས་དང་ཇ་སྤོབ་རྩེ་སོགས་གནང་སྦྱིན་གྱི་རྟེན་དང་བཅས་པ་གནང་