[A:༢༠༥ན]མི་ཁྱབ་པ་བྱུང་ཡང་། མན་ངག་ཟབ་དགུ་རྣམས་ནི་ཚར་པ་ཆོས་རྗེ་བློ་གསལ་རྒྱ་མཚོ་ཉིད་ལ་གནང་པ་ཡིན་ཏེ། དེ་ཡང་རྗེ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་རྡོ་རིང་རིན་པོ་ཆེའི་ཞབས་པད་དགུང་ལོ་བཅུ་བདུན་པ་ནས་ཉི་ཤུ་རྩ་གསུམ་པའི་བར་དུ་འབྲལ་བ་མེད་པར་བསྟེན། མགོན་དང་སྐྱབས་གནས་གཞན་སྤངས་ནས་གཅིག་ཏུ་བསྒྲིལ། ལུས་ལོངས་སྤྱོད་ཐམས་ཅད་ལྟོས་པ་མེད་པར་ཕུལ། ཅི་གསུང་བའི་བཀའ་ཐམས་ཅད་དྭང་དུ་བླངས་པ་ལ་བརྟེན་ནས་ཐུགས་རྗེའི་ཆུ་རྒྱུན་དད་པའི་སྣོད་དུ་ལྷུག་པར་བབས་ཏེ་བཀའ་ཆོས་ཐམས་ཅད་ཅི་འདོད་པ་གསང་བ་དང་སྦེད་པ་མ་མཛད་པར་རྗེ་ཉིད་ལ་ཕ་ཕོགས་ཀྱི་ཚུལ་དུ་གནང་ཞིང་ཐུགས་ཡིད་གཅིག་ཏུ་འདྲེས། ཆོས་ཟབ་གནད་ཆེ་བ་རྣམས་གནང་བའི་ཚེ། ཞབས་སྐོར་ལ་ཕེབས་པ་ལྟར་མཛད་པའི་ཕྱག་ཕྱིར་ཁྲིད་ནས་རྡོ་ལེབ་ཀྱི་སྟེང་དུ་མཎྜལ་མཛད་དེ་གནང་། མི་གཞན་བྱུང་བ་ན་འཕྲོ་གཅོད་ཅིང་