[A:༢༠༦ན]པོ་ཏིའི་ནང་ན་ཚང་པར་བཞུགས་པ་ཡིན། དེ་ལྟར་དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་ཟབ་མོའི་བསྟན་པ་དཔྱིས་ཕྱིན་པ་སྤེལ་བར་མཛད་ནས། མཐར་དགུང་ལོ་དྲུག་ཅུ་རེ་ལྔ་པ་སྟག་གི་ལོ་ལ་ཆོས་འཁོར་ཡང་རྩེ་ནས་མཁའ་སྤྱོད་དབང་མོས་མཁའ་སྤྱོད་དུ་སྤྱན་དྲངས་པ་ཡིན་ནོ། །ཚར་ཆེན་རྡོ་རྗེ་འཆང་དེ་ཉིད་ལ་སློབ་མའི་ཚོགས་བསམ་གྱིས་མི་ཁྱབ་པ་བྱོན་ཀྱང་། ཆོས་སྐྱོང་ཆེ་ཆུང་། རྡོ་རྗེ་འཇིགས་བྱེད། དམར་པོ་སྐོར་གསུམ་སོགས་ཀྱི་མན་ངག་འཆི་མེད་བདུད་རྩིའི་ཐིགས་པ་ལྟ་བུ་རྣམས་ནི་རྗེ་མཁྱེན་བརྩེའི་དབང་ཕྱུག་དང་། རྗེ་བློ་གྲོས་ཆོས་འཕགས། རྗེ་གཞོན་ནུ་བློ་གྲོས། རྗེ་བོད་མཁར་བ་དོན་གྲུབ་རྒྱལ་མཚན། རྗེ་ཀླུ་སྒྲུབ་རྒྱ་མཚོ་སོགས་ལ་བཀའ་བབ་པ་ཡིན་ཏེ། དེ་ཡང་རྗེ་མཁྱེན་བརྩེའི་དབང་ཕྱུག་ཉིད་སྐུ་གཞོན་ནུའི་སྐབས། རྗེ་ཚར་ཆེན་གྱིས་གོས་ཆེན་ནག་པོ་ཁ་དོ་དང་། སྐུད་ཆུན་དམར་པོ་གཅིག་གནང་ནས་འདི་རྣམས་ཚགས་མཛོད། གཞན་གྱི་ལག་