[A:༧བ]ཞལ་གཟིགས། དེ་ཕྱིན་ཆད་མགོན་ཁང་དེར་ཕེབས་རེས་ཀྱིས་དེ་འདྲའི་རྣམ་པ་ཅན་དུ་བྱས་ནས་བསུ་བ་ལ་འབྱོན་པ་ཡིན་འདུག གཞན་ཡང་རྒྱུན་པར་གཏོར་བསྔོ་མཛད་དུས་ཆོས་སྐྱོང་འཁོར་བཅས་ནམ་མཁར་ཁྲ་ཆབ་པེ་བཞུགས་པ་ལ་འབུལ་བའི་གཟིགས་སྣང་ཡོང་བ་ཡིན་ཞེས་ཐོས། དམ་ཅན་པུ་ཏྲ་འཁོར་བཅས་ནི་རྒྱུན་པར་དྲུང་དུ་གནས་ནས་བྲན་ལྟར་ལས་ཀུན་སྒྲུབ་པ་ཡིན་འདུག་པས། ལན་ཅིག་རྗེ་བཙུན་རྡོ་རིང་པ་ཆེན་པོ་ལ་རྗེའི་ཞལ་ནས། མདང་པུ་ཏྲ་འདིས་མི་གཅིག་གི་མགོ་དར་གྱིས་བགྲིལ་བ་ཁུར་ནས་འུར་སྒྲ་དང་བཅས་ཏེ་སྒོ་རུམ་ལ་སོང་གསུང་བ་བྱུང་འདུག སྐྱེད་ལྷས་སུ་སྡེ་དཔོན་འགའ་ཞིག་གི་གཏོར་གསོས་འོང་དུས། བསྒྲུབ་ཁང་སུམ་ཅུ་རྩ་གསུམ་གྱི་སྟེང་དུ་སྔགས་པ་ནག་པོ་ཐོད་ཕྲེང་འཛིན་པ་གཅིག་གིས་མ་ཎི་བསྐུལ་བའི་འཆམ་གདངས་བྱས་པ་ན། ཁའུའི་ལུང་པ་ཐམས་ཅད་འདར་ལིང་ལིང་འོང་གི་འདུག་གསུངས་པ་དང་། སྐྱེད་ལྷས་