[A:༩བ] མཚན་ཉིད་པ་རྒན་པོའི་སྐྱོན་གྱིས་བསླད་པས་རྔ་བརྡུང་འདི་ལ་རང་འབྱུང་ཆེན་པོ་མེད་དམ་སྙམ་པ་བྱུང་། དེ་ནས་ཅུང་ཟད་སོང་བའི་དུས་ཆོས་རྗེ་རྐྱང་འདུར་བའི་གཟིགས་སྣང་ལ་སྤྲུལ་པའི་མི་ནག ཁྱི་ནག བྱ་ནག་སོགས་ཕོ་ཉ་མང་པོས་འབྱུང་པོ་ཆེན་པོ་སྣམ་སྦྱར་ཏ་ཧུན་གསེར་མ་ཐང་ཐེབས་གྱོན་པ་དང་བཅས་པའི་སྐེ་ནས་ཞགས་པས་བཟུང་། ལག་པ་བསྡམས་པ་གཅིག་དཀར་ཁུང་གི་མཐོང་ག་ནས་ཚོམས་ཆེན་འོག་མའི་འབྲུབ་ཁུང་ནང་དུ་ཐོགས་མེད་དུ་ཁྲིད་སོང་བ་གཟིགས། ཞག་གཅིག་སོང་རྗེས་ཕྱིར་ཤོར་སོང་། དགོངས་ཐུན་གྱི་ཐུགས་དམ་གྱི་ཚེ། སླར་ཡང་གོང་བཞིན་ཁྲིད་ནས་མཐུ་དང་སྟོབས་མེད་པར་དམ་ལ་ཐོགས་པ་གཟིགས། སྐབས་གཅིག་གི་ཚེ། རྗེ་འདི་ཉིད་རྒྱལ་རྩེ་ནས་གདན་ས་ཕྱོགས་ལ་ཕེབས་པའི་དུས། ཁོང་པའི་མནལ་ལམ་དུ་སྒོ་རུམ་གདོང་གི་ཐད་ན་ཡར་རྟ་པ་གཅིག་གི་སྣ་ཨ་ཙ་ར་དུང་ལོང་ཅན་གཅིག་གིས་བྱས་བྱུང་བ་རྨིས་པས། སང་ཕྱག་ཕྱི་།