[A:༢༢ན] མཧཱ་ཀཱ་ལའི་ལག་ན་གསལ་ཤིང་རི་རབ་ཙམ་ཞིག་ཐོགས་ཏེ་ཀླད་ལ་བསྐོར་ཞིང་བརྒྱབ་པས་ལྷ་མ་ཡིན་གྱི་གཡུལ་བཅོམ། ད་ལྟ་ཕྱག་མཚན་བེང་དང་གནྡྷེ་འོང་བའི་རྒྱུ་མཚན་ཡང་དེ་ཡིན། ལྷ་མ་ཡིན་གྱི་གྲོང་ཁྱེར་གསུམ་བརྩེགས་ཀྱང་རྡུལ་དུ་བརླགས། གྲི་གུག་གིས་ལྷ་མ་ཡིན་གྱི་སྐེ་བཅད། ཐོད་པར་ཁྲག་བཟེད་ཅིང་འཐུངས་པས། ལྷའི་རྣམ་པ་ལས་འགྱུར་ཏེ་གནོད་སྦྱིན་གྱི་གཟུགས་ནག་ཅིང་ཤིན་ཏུ་འཇིགས་པར་གྱུར། ལྷ་མོས་རལ་གྲི་མེའི་ཕྲེང་བ་ཅན་གྱིས། ལྷ་མ་ཡིན་ཧེ་རཏྣ་པཀྵུའི་མགོ་བོ་བཅད། ལྷ་དམག་མང་པོ་རྣམས་ཀྱིས་མཚོན་གྱི་ཆར་ཕབ་ནས་ལྷ་མ་ཡིན་གྱི་དམག་རྣམས་བསད། མགོན་པོ་དང་ལྷ་མོས་ལྷ་མིན་གྱི་ཁྲག་རྣམས་ཐོད་པའི་ནང་དུ་བཅུས་ཤིང་རོལ་བས་ཁྲག་གིས་ར་རོ་ཞིང་མིག་རྩ་དམར་པོར་གྱུར། ལྷ་མིན་གྱི་ཁྲག་དམག་མིར་སྤྲུལ་བ་འཕེལ་མི་ནུས་པར་བྱས། ཙ་མུནྟྲིའི་