[A:༡༥ན] ཕྱི་མོར་སོང་འདུག་པས་འདི་ཀར་བཞུགས་ན་ལེགས་པ་འདྲ་ཞེས་ནན་གྱིས་ཞུས་ཀྱང་མ་གསན་པར། ད་ལྟ་འགྲོ་གྲབ་གྱིས་གསུངས་ཤིང་། མཆོད་གཡོག་པ་ནམ་ཤེས་ལ་མགོན་པོའི་གཏོར་མ་གཅིག་ད་ལྟ་འཆོས་ལ་ཆུ་འདི་ལ་རྒྱོབས་གསུངས་པའི་བཀའ་ལུང་མཛད་པ་ན། ཁོང་གིས་ཀྱང་དེ་བཞིན་བྱས་པས། ཆུ་ལ་ཆེ་ཆུང་དུ་མངོན་པ་ཅི་ཡང་མ་བྱུང་། དེ་རྗེས་རྗེ་ཉིད་ཀྱིས་གཏོར་མ་གཅིག་ཆུ་ལ་བརྒྱབ་པ་གནང་བ་ན། ལྕགས་ཀྱི་ཐོ་ལུམ་མེ་འབར་བ་ཆུར་འཕངས་པ་ལྟ་བུའི་སྒྲ་འཇིགས་སུ་རུང་བ་བྱུང་ཞིང་། ཆུ་དེ་ཡང་དེ་མ་ཐག་ནས་གསུམ་གཉིས་འཕྲི་བ་ཙམ་དུ་སོང་། དེར་རྗེ་རང་གིས་ཆུ་དེ་ལ་སྔོན་ལ་ཕེབས་ཤིང་། དེ་རྗེས་སྒར་པ་གཞན་རྣམས་ཀྱང་བར་ཆད་མེད་པར་ཆུའི་ཕ་རོལ་ཏུ་སླེབས་པ་ཙམ་ན། ཆུ་སྔར་བས་ཀྱང་བཅུ་འགྱུར་གྱི་ཆེ་བ་ཙམ་དུ་སོང་བས་སྒར་པ་ཐམས་ཅད་འཇིགས་ཤིང་སྐྲག་ལ་ངོ་མཚར་ཞིང་བློ་བདེ་བར་གྱུར། རྗེའི་གསུང་ལས། ད་མགོན་པོ་ལ་གཏང་རག་གི་མཆོད་གཏོར་ཕུལ། ཐམས་།