[A:༢༣བ] བརྗོད་ནས་མགོ་རིལ་རིལ། ཁ་འཛུམ་འཛུམ་སོང་བ་རྨིས་གསུངས། ཚད་མའི་སྤྱི་དོན་རྩོམ་པའི་ཚེ་མནལ་ལམ་དུ་བླ་མ་བློ་རིན་པ་དང་གཉིས་ཀྱིས་བསྟོད་པ་མི་རྟོག་མ་ལ་དབྱངས་དང་བཅས་འཐེན་པས། ལུང་པའི་ཕུ་ནས་རོལ་མོ་དང་། འོད་ཟེར་གྱི་ཚོགས་དུ་མ་དང་། དམག་དཔུང་དུ་མ་ཡོང་བའི་སྣང་བ་བྱུང་། ཅི་ཡིན་དྲིས་པས། དཔལ་མགོན་གདོང་བཞི་པའི་དཔུང་གི་ཚོགས་ཡིན་ཟེར། བལྟས་པས་ཞབས་ཀྱི་པུས་མོ་མན་ཆད་ཀྱི་དཔང་ལ་ཐོག་གསུམ་ཙམ་འདུག འཁོར་རྣམས་གོ་ཆའི་འོད་ལྷག་ལྷག་ལྷམ་གྱི་འབུར་རྣམས་ནི་ཁྲོམ་ཁྲོམ་འདུག ཁྱོད་ཀྱི་བསྟན་བཅོས་འདིའི་བདག་པོ་ངེད་ཚོས་བྱེད་དོ་གསུངས་པ་བྱུང་བ་དང་། ཀུན་མཁྱེན་ནམ་བསོད་ཆེན་མོའི་མནལ་ལམ་དུ་ས་སྐྱའི་གུར་མགོན་ཕུར་མོ་ཆོས་རྫོང་དུ་གོམ་པ་གཅིག་བཞག་ནས་བྲག་སྦ་བ་ལ་སྒར་བརྒྱབ་བྱུང་། ཅི་ཡིན་དགོངས་པས། ཕྱི་ལོ་རྗེ་འདི་ཉིད་ཀྱིས་རྟ་ནག་གསེར་གླིང་དུ་གྲྭ་ཚང་བཙུགས་པ་དེ་ལ་བལྟ་བར་