[A:༢༥བ] དུ་མངོན་སུམ་གཤེགས། །དག་པའི་སྣང་བ་མཐར་ཕྱིན་ཁྱོད་ཕྱག་འཚལ། །ཞེས་བསྔགས་པར་ཡང་མཛད་ཅིང་། འདིའི་མཚན་མ་ཁོ་བོ་ལ་ཡང་ཤར་ཞེས་གསུངས་ལ། གཞན་ཡང་དེ་ལས་འཕྲོས་པའི་རྣམ་པར་ཐར་པ་འགའ་ཞིག་འདུག་ཀྱང་རེ་ཞིག་དེ་ཙམ་ཞིག་བརྗོད་པ་ཡིན་ནོ། །ཡང་འཇམ་དབྱངས་སངས་རྒྱས་རིན་ཆེན་ཉིད་བསྟན་སྲུང་རྣམས་ལ་མངའ་བརྙེས་པའི་ཚུལ་ནི། དུས་གཅིག་གི་ཚེ་གསུང་ངག་རིན་པོ་ཆེ་སྔ་མ་རང་གསུང་བའི་དགོངས་པ་ཡོད་མཚམས། རྗེ་གྲུབ་ཆེན་དཀོན་བློའི་གསུང་གིས། ད་རེས་ལམ་འབྲས་མ་གསུང་། ཁྱེད་ཀྱི་ཆོས་གོས་དེ་ངའི་རྩར་ཡང་ཡང་སྐྱེལ་དུ་བྱུང་བ་རྨིས་པས། ཐུགས་དམ་ཞིག་མཛོད་གསུངས་པ་ལ་བརྟེན་ནས་མགོན་པོའི་བསྙེན་པ་མཛད་པས། ཁྲི་ཆེན་པོ་ཞིག་ལ་བཞུགས་ནས་སྣམ་སྦྱར་མང་པོ་སྐུ་ལ་བཞེས་པའི་མནལ་ལམ་བྱུང་བ་གྲུབ་ཆེན་ལ་ཞུས་པས་དེ་ཤིན་ཏུ་ལེགས། ཆོས་སྐྱོང་གི་བྱིན་གྱིས་བརླབས་པར་འདུག་པས་ད་ནི་བར་ཆད་གང་གིས་ཀྱང་མི་