R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༨བ
[A:༢༨བ] མཛད་ཀྱིན་འདུག་ཅེས་ཐོས་ཤིང་། གཞན་ཡང་གླིང་དགའ་དགོན་པའི་བླ་བྲང་མགོན་ཁང་གི་མགོན་པོའི་སྐུ་གསར་དུ་བཞེངས་ཏེ་རབ་གནས་མཛད་པ་ན། དཀར་ཁུང་ལ་འཇའ་སྔོན་པོ་ཟུག་ཅིང་། ཐུག་གཉིས་ལ་མེ་དངོས་སུ་འབར་བ་ཀུན་གྱིས་མཐོང་བ་སོགས་ཆོས་སྐྱོང་འཁུལ་བའི་རྟགས་མཚན་ངོ་མཚར་ཅན་མང་དུ་སྟོན་པར་མཛད་པར་གྲགས་སོ། །ཡང་ས་སྐྱ་པའི་བསྟན་འཛིན་རྫོང་ལུགས་པ་ཀུན་གྱི་གཙོ་བོར་གྱུར་པ་སྔགས་འཆང་གཟུང་སྐྱིད་དཔལ་བས་ཀྱང་། ས་སྐྱ་པའི་ཆོས་སྐྱོང་ཆེ་ཆུང་གཉིས་ཀ་ཡང་བྲན་བཞིན་དུ་འཁོལ་བ་ཡིན་ཏེ། གདན་ས་ཆེན་པོར་ཕག་མོ་གྲུབ་པས་དམག་བྱུང་དུས་མདུན་སྐོར་རྣམས་ཕལ་ཆེར་བཅོམ་ནས། གདན་ས་དན་ལ་ཡོང་གྲབ་བྱེད་པ་ལ། རྗེ་ཉིད་ཀྱིས་ཆོས་སྐྱོང་ལ་འཕྲིན་ལས་བཅོལ་ཏེ་མགྱོགས་གཏོར་འཕངས་པས། དམག་རྣམས་ཟམ་པ་སོ་སོའི་མཚམས་ནས་ལོག་པ་དང་། ཡང་ལན་ཅིག་གདན་སའི་ས་དཀར་ལོགས་ན་རྒྱུད་སྡེ་སྤྱི་རྣམ་ཞིག་གསུང་གི་ཡོད་དུས། ཆོས་རྗེ་བླ་