[A:༢༩ན] མ་དམ་པ་ཡང་ཡང་དྲན་པ་ཞིག་བྱུང་བ་དང་། དེ་དང་དུས་མཚུངས་པར་སྲོད་གཅིག་ལ་པུ་ཏྲ་དངོས་སུ་བྱུང་ནས། ཁྱེད་རང་འགྲོ་མགོན་ཆོས་རྗེ་མཇལ་བ་ལ་མྱུར་དུ་བྱོན་ཟེར་བྱུང་བས། ཆོས་འཕྲོ་མྱུར་དུ་གསུངས་ནས། ཆོས་རྗེ་བོ་དོང་བྱང་ཆུབ་ལུང་ན་བཞུགས་འདུག་པ་དང་མཇལ་བས། ཆོས་རྗེའི་གསུང་གིས། འོ་ཉིད་བྱུང་བ་ཤིན་ཏུ་ལེགས། ངེད་ཁ་སང་ནས་ཉིད་འབོད་དུ་གཏོང་བ་ལ་ཐུག་ཡོད་གསུངས། དེ་ཅི་ཡིན་ལགས་ཞུས་པས། འོ་ཅག་ལ་ཁ་སང་གཞན་ཕྱོགས་འགའ་ཞིག་གིས་མཐུ་བྱས་ནས་ཤིན་ཏུ་གཙེར་གསུངས་པས། དེ་ཇི་ལྟར་ན་ས་སྲོས་ནས་གཟིམ་ཁང་གི་འགྲམ་རྩ་བརྡུངས་ནས་ཡོམ་ཡོམ་ཡོང་བ་དང་། འབྲུ་ངག་མི་ཚོར་བའི་ལབ་དིང་དིང་མང་པོ་འབྱུང་བ། གཟིམ་ཁྱིས་ལུང་པོའི་མདའ་ན་མར་ཕྱིན་ནས་མཐོ་ས་དེར་ངུས་པས། རབ་ཁ་བའི་ཁྱི་བྱིན་འཚོགས་ནས་དེའི་མཐའ་བསྐོར་ནས་ངུ་བ་ལ་སོགས་པ་བྱུང་བའི་བཟློག་པ་ལ། ཆོས་