[A:༤༡ན] ནས། འདིར་ནི་རྗེ་བཙུན་རྩེ་མོར་དད་པ་ཅན། །རྒྱུད་སྡེ་འཛིན་པའི་བཤེས་གཉེན་ཡར་ལུང་པ། །སེང་གེ་རྒྱལ་མཚན་ཞེས་པ་གྲགས་པ་ཡིས། །བསྐུལ་བའི་ངོར་བྱས་བསོད་ནམས་ཀྱིས་སྦྱར་རོ། །ཟེར་བའི་བསྟོད་པ་གཅིག་ཡོད་པ་དེ་ཐོན་གསུངས་པ་དང་། དེ་ནས་ཚེས་བཅུ་ལ་བབ་པའི་ཚེ། གསུང་ལས། ད་ལྟ་བིརྺ་པ་དབུ་ལ་མེ་ཏོག་འཕྲེང་བས་བརྒྱན་ཅིང་། ཕྱག་ན་སྦ་འཁར་བསྣམས་པ་ཞིག་དང་། མལ་ལོ་ཙཱ་བ་གཉིས་བྱོན་ནས་ཞལ་སྤྲོད་དུ་བཞུགས་འདུག དཔལ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དང་། མཁའ་འགྲོ་མས་བར་སྣང་གང་ནས་འདུག ང་སྡོད་ས་འདི་མཁར་ཀླུ་བཟང་ཡིན་ནམ་ཆོས་རྫོང་ཡིན་ནམ་ཆོས་ཡིན་པ་འདུག རྗེ་བཙུན་མ་སྒྲོལ་མ་ཡང་བྱོན་བྱུང་། མཆོད་པ་ཕུལ། ཆོས་རྗེ་བས་ཕྱག་ནར་གྱིས་བརྐྱངས་ནས་ངའི་སྤྱི་བོར་བཞག་བྱུང་། ད་དེ་ད་ལྟ་འགྲོ་བདུད་རྩི་རིལ་བུ་ཆང་ལ་སྦྱོར་ལ་ངའི་ཁར་བླུགས་ཤིག་གསུངས། སྔགས་པ་འཆི་ན་འདི་ལྟར་བྱེད་དགོས་