R133: དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ཟབ་མོའི་ཆོས་སྐོར་རྣམས་བྱུང་བའི་ཚུལ་ལེགས་པར་བཤད་པ་བསྟན་སྲུང་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༤༠བ
[A:༤༠བ] མས་ཚར་བཅད་པའི་རྟགས་མཚན་མངོན་གྱུར་དུ་བསྟན། ཁྱད་པར་གཉན་མགོན་གྱི་འཛིན་གཏོར་ལ་བདུད་རྩིའི་རྒྱུན་སྦྲང་རྩི་ལྟ་བུ་འཛག་པ་ཞིག་རྒྱུན་དུ་ཡོད་པས་སྐུ་ཚེ་མཐར་ཕྱིན་པ་སོགས་ཆོས་སྐྱོང་རྣམས་ཤིན་ཏུ་འགོ་བའི་ལོ་རྒྱུས་ངོ་མཚར་ཅན་མང་དུ་མངའ། འོས་སུ་གྱུར་པའི་གདུལ་བྱ་ལ་དབང་རྗེས་གནང་ལུང་མན་ངག་སོགས་རྒྱུན་དུ་སྩོལ་བས་རྒྱ་ནག་དང་དབུས་གཙང་གི་མི་ཆེན་དུ་མས་བཏུད་ཅིང་། སྡེ་སྣོད་འཛིན་པའི་སློབ་མའང་མང་དུ་ཐོན། མཐར་དབེན་གནས་བསམ་གཏན་གླིང་དུ་དགུང་ལོ་བདུན་ཅུ་དོན་བཞི་པ་ཆུ་མོ་གླང་གི་ལོ་ཧོར་ཟླ་བདུན་པའི་ཡར་ཚེས་བཅུ་ལ་ཞི་བར་གཤེགས་པར་ཉེ་བ་ན། ཉིན་གཅིག་རྣལ་འབྱོར་དབང་ཕྱུག་པཎྜི་ཏའི་ཆ་ལུགས་སུ་བྱས་པ་བཙུན་མོ་དང་བཅས་པ་ཞིག་བྱོན་ཏེ། དེའི་གསུང་ལས། ང་འདི་ནས་དགོན་གསར་ལ་ཐེངས་ཤིག་འགྲོ། དེ་ནས་སོ་ཝ་ན་ཐར་གཤེགས་གསུངས་པ་དང་བཅས་ཞལ་མངོན་སུམ་དུ་བསྟན། ཡང་ཉིན་གཅིག་སློབ་དཔོན་རིན་པོ་ཆེ་བྱོན་བྱུང་གསུངས་