[A:༤༤ན] ཀྱི་མིང་མཛད་པ་པོ་ལས་བཏགས་པ་མང་བས། འདིར་ཡང་མཛད་པ་པོ་ལས་བསྟན་བཅོས་ཀྱི་མིང་བྱུང་བར་གསལ་ལོ་ཞེས་མཁས་པ་དག་བཞེད་དོ། །འདི་ནི་རྒྱལ་པོའི་ལུང་གིས་རྒྱ་གར་དུ་ཆོས་སློབ་ཏུ་བཏང་། པཎྜི་ཏ་བརྒྱ་རྩ་བརྒྱད་བསྟེན། ཁྱད་པར་དུ་ལྷ་རིག་པའི་སེང་གེ་དང་། བྲམ་ཟེ་ལི་བྱིན་ལས་མཁས་པར་བསླབས། བོད་དུ་ཆོས་མང་པོ་བསྒྱུར། བོད་ཡིག་བརྩམས། འཇིག་རྟེན་གྱི་མིག་ལྟ་བུར་གྱུར་པས་ལོ་ཙཱ་བ་ཞེས་པའི་ཐོག་མར་བྱོན་པ་ཡིན་ནོ། །དེ་ལས་རིམ་པར་བརྒྱུད་དེ་བྱོན་པ་དཔོན་རྡོ་རྗེ་བཀྲ་ཤིས་ཞེས་པའི་བསོད་ནམས་ཅན་ཞིག་བྱུང་བ་རྒྱ་ཡུལ་ལ་བྱོན། དུ་དབེན་ཤའི་ལས་ཀ་ལོན་པས་རྡོར་བཀྲས་དུ་དབེན་ཤ་ཟེར། དེའི་སྲས་དབོན་བཞི་འཛོམ་ཞེས་འཇིག་རྟེན་གྱི་མེས་པོ་ལྟ་བུ་དེ་ལ་གོང་མ་གྲགས་པ་རྒྱལ་མཚན་གྱིས་གཞིས་ཀ་གོང་དཀར་གྱི་རྫོང་དཔོན་བསྐོས། དེའི་སྲས་རྒྱལ་བ་ཤེས་རབ་ཅེས་པ་མིའི་ལུས་ལ་ལྷའི་རྣམ་