[A:༥༧བ] རྣམ་པ་མི་ལངས་པའི་ལག་པ་བརྐྱངས་པའི་སྟེང་དུ་ཞབས་གཉིས་བཞག་པ་གཅིག་མཐོ་བའི་ཞལ་ནས་ཁའུ་སྐྱེད་ལྷས་སུ་རྡོ་རིང་རྩར་རྒྱུགས་གསུངས་པའི་ལུང་བསྟན་བྱུང་བས། རྐང་བཙུགས་འོངས་ཏེ་རྗེས་གནང་ཞུས་པས་དུས་དེ་ཉིད་དུ་ཏིང་ངེ་འཛིན་དུ་མ་རྒྱུད་ལ་སྐྱེས་ནས་མི་ཕྱེད་པའི་དད་པ་ཐོབ་པ་དང་། ལྡན་མའི་གྲྭ་བ་ཞིག་གིས་རྗེས་གནང་ཞུས་པའི་ཚེ། བླ་མ་ནག་པོ་ཆེན་པོར་གསལ་བའི་ཞེས་པའི་གསུང་ཐོས་འཕྲལ་རྗེ་ཉིད་ནག་པོ་ཆེན་པོ་དངོས་སུ་མཐོང་བའི་ཞལ་གདངས་པའང་ནང་དེ་དམར་ཁྲིག་སྟེ་གང་བ་ཙམ་དུ་མཐོང་ནས་ལུས་ཉམས་བཟུང་བས་མི་ཐུབ་པ་བྱུང་ཞིང་། ཕྱིས་སུའང་ལམ་ཟབ་བསྒོམས་པ་ཙམ་གྱིས་ལུས་ནམ་མཁའ་ལ་བྱ་ལྟར་ལྡིང་ཞིང་། ཐོག་སོ་མང་པོ་ལ་ཡར་མར་གང་ལའང་ཐོགས་མེད་དུ་འཕུར་བ་སོགས་ངོ་མཚར་བ་བྱུང་བར་གྲགས་པ་སོགས་མཐའ་ཡས་སོ། །རྗེ་དེ་ཉིད་ཀྱི་ཐུགས་སྲས་རྒྱུད་འཛིན་ཀུན་གྱི་གཙུག་རྒྱན་དམ་པར་གྱུར་ཅིང་། དཔལ་ལྡན་ས་