[A:༥༢ན] པོ་ཆེན་པོའི་མན་ངག་ནི། །བརྒྱུད་ལྡན་བླ་མ་བཅུ་ཕྲག་གཅིག་ལ་ཞུས། །འགྲན་ཟླ་ཀུན་བྲལ་དྲིན་ཅན་རྡོ་རིངས་པའི། །སྙན་བརྒྱུད་ཟབ་མོ་བུམ་པ་གང་བྱོར་ཐོབ། །ཨེ་ཝྃ་པ་ནི་བསྡུས་ལ་སྤྲོས་པ་ཆུང་། །མུས་སྲད་པ་ནི་དཀར་ཆག་ཁྲིགས་ཆགས་ཅན། །རྡོ་རྗེ་གདན་པ་འཆམ་དང་ནུས་པའི་བདག །ཁོ་བོས་ཐོབ་པའི་ཐུན་མོང་བརྒྱུད་པ་གསུམ། །དེ་དག་ལས་འོངས་སོ་སོའི་ངོས་འཛིན་ནི། །ངོར་ལུགས་ཡི་གེ་ཨེ་ཡིག་རྟགས་ཀྱི་རྒྱ། །རྡོ་རྗེ་གདན་པ་ལས་བརྒྱུད་རྡོ་རྗེའི་རྒྱ། །མུ་སྲད་པ་ནི་ཡི་གེ་མུ་ཡི་རྒྱ། །བདག་ཆེན་རྡོ་རྗེ་འཆང་དབང་ལས་བརྒྱུད་པའི། །རྩ་བའི་ཡི་གེ་མཆོད་རྟེན་རྒྱ་ཡིས་མཛེས། །ཐོར་བུ་གཞན་དག་མཆན་བུར་བཏབ་པས་ཤེས། །རྡོ་རྗེ་གདན་པ་དང་ནི་མུས་སྲད་པ། །གཉིས་ལས་བརྒྱུད་པ་བརྡ་ཡིག་གཉིས་ཀྱིས་མཚན། །དང་པོ་གསུམ་ལྡན་གསུམ་གྱི་བརྡ་ཡིག་ཅན། །བཞི་ཅར་ཚང་བ་