[A:༧༥བ] བདེ་ཆེན་གྱི་ཡེ་ཤེས་ཚད་མེད་པ་འཁྲུངས་ཤིང་། སྐུ་སྐྱེ་བ་སྔ་མའི་ཚུལ་ལ་ངེས་ཤེས་ཁྱད་པར་ཅན་མངོན་དུ་གྱུར་ཏེ། སང་ཉིན་མནལ་ལམ་གྱི་ཚུལ་རྣམས་ཞལ་སློབ་བུ་ཆེན་རྣམས་ལ་སྒྲིབ་མེད་དུ་གསུངས་འདུག་པ་འདི་ལྟ་བུ་ནི། སྔོན་ཡང་ས་སྐྱ་པའི་སྙན་བརྒྱུད་ཀྱི་བདག་པོ་ཡར་ལུང་པ་སེངྒེ་རྒྱལ་མཚན་དུ་བསམ་བཞིན་དུ་བྱོན་ཅིང་། སླར་སྙིགས་མའི་དུས་འདིར་ཡང་རྗེ་བཙུན་གོང་མའི་མན་ངག་ཆད་དུ་ཕངས་པ་རྣམས་ཀྱི་བཀའ་བསྡུ་ལྟ་བུ་མཛད་པ་ལ་ཆེར་གཏད་བྱོན་པ་ཡིན་ཡང་དག་པའི་གཏན་ཚིགས་སུ་ཁོ་བོས་རྟོགས་ཤིང་། མཐར་གཞན་དོན་ལ་དགོངས་པར་ཉེ་བ་ན་ཡང་། ལན་གཅིག་འོད་གསལ་གྱི་ངང་དུ་རྗེ་བཙུན་རྡོ་རིང་པ་ཆེན་པོ་བྱོན་ནས། ད་ལྟ་རྒྱ་གར་ལྷོ་ཕྱོགས་ན་མུ་སྟེགས་པའི་རྒྱལ་པོ་སྟོབས་ཆེ་བ་གཅིག་ཡོད་པས། དེ་འདུལ་དུ་ཁྱེད་འགྲོ་དགོས་པ་འདུག་གསུང་བ་བྱུང་བ་ལ་ཞག་འགའི་བར་དུ་རྗེ་རྡོ་རིང་པ་ཉིད་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པ་མཛད་པས། ལན་