[A:༧༦བ] པ་དེ་ཤི་འདུག གཞོན་པ་དེ་དང་ཁྱོད་ལ་ལས་འབྲེལ་མི་འདུག་པས། ད་ལན་གཞན་ཞིག་བཏང་ཡོད། ལམ་འབྲས་མགྱོགས་པོ་ཤོད་གསུང་བ་གསལ་བར་བྱུང་ཞིང་། དེ་ནས་རིང་པོ་མ་ལོན་པ་སྟག་ལོ་རྗེ་འདི་ཡོངས་གྲགས་ལྟར་ན་དགུང་ལོ་དྲུག་ཅུ་རེ་ལྔ་པའི་སྟེང་དུ་སོན་པ་ན་ངོ་མཚར་བའི་རྟགས་ཀྱི་ཆོ་འཕྲུལ་དུ་མ་དང་བཅས་དག་པའི་ཞིང་དུ་གཤེགས་པའི་ཚུལ་བསྟན་པ་ཡིན་ཞིང་། སློབ་བརྒྱུད་འགའ་ཞིག་གི་གསུང་ལས། དམ་པ་འདི་སྔ་མོའི་དུས་ཐུགས་དམ་ལ་བཞུགས་པའི་སྐབས་ཤིག ཆོས་སྐྱོང་གིས་སྤྲུལ་པའི་མི་རལ་བ་ཅན་འབྲོག་པ་འདྲ་བ་ཞིག་གི་སྲུང་ཁྲ་ཞིག་ཕུལ་ནས། སྐུ་ཚེའི་ཚད་ཡིན་ཞུ་བ་ལ། བགྲངས་པས་བདུན་ཅུ་དོན་ལྔ་བྱུང་པ་བཞིན་དགུང་ལོ་ཡང་དེ་ཙམ་བཞུགས་པ་ཡིན་ཞེས་གསུངས་ཤིང་། གང་ལྟར་སྐུ་ཚེ་མཐར་ཕྱིན་ཞབས་པད་བརྟན་པ་འདི་ནི་ཞིང་སྐྱོང་ཙ་ཏུརྨུ་ཁའི་ཚེ་སྒྲུབ་ཟབ་མོ་ཐུགས་ཉམས་སུ་བཞེས་པ་སོགས་ཀྱི་དགེ་མཚན་ལས་བྱུང་བར་ཁོ་