[A:༧༩ན] བཟུང་། ཞེས་དང་། ཡང་ལམ་ཡིག་དེ་ཉིད་ལས། སྤྲང་རྒྱལ་ཁམས་ཕྱོགས་མེད་རྒྱུ་བའི་ཚེ། །ཡུལ་ཡ་མཚན་ལྟད་མོ་འདི་ལྟར་མཐོང་། །ཤབ་དགེ་སྡིང་ཆོས་ཀྱི་ཕོ་བྲང་ན། །རྗེ་ས་སྐྱ་ལོ་ཙཱ་སྐུ་ཡི་དབོན། །ཐུགས་གཅིག་ཏུ་འདྲེས་པ་སྲས་ཀྱི་མཆོག །ཁོང་འཇམ་དབྱངས་གཞོན་ནུ་དངོས་དང་མཇལ། །གསུང་བག་ཕེབས་ཀྱི་བདུད་རྩི་སྙིང་ལ་སིམ། །ཆོས་ལམ་ཟབ་ཀྱི་རྣལ་འབྱོར་བཀའ་དྲིན་ཞུས། །ཁོང་སྐྱོན་བྲལ་གྱི་མཛད་འཕྲིན་མཐོང་བའི་ཚེ། །ངེད་ས་སྐྱ་པའི་འདུན་མ་གྲུབ་འདུག་སྙམ། །སེམས་དགའ་སྤྲོ་དད་པས་མཆི་མ་འཁྲུག །ཞབས་སྤྱི་གཙུག་ཏུ་བླངས་ནས་སྨོན་ལམ་བཏབ། །ཅེས་གསུངས་ཤིང་། དུས་གནས་ཀུན་ཏུ་སྐྱེ་བོ་མང་པོའི་དབུས་སུ་སྔགས་འཆང་འདིའི་རྣམ་ཐར་གསུངས་ཤིང་། དགྱེས་སྤྲོ་དང་དག་སྣང་དད་གུས་དཔག་མེད་མཛད་པ་ཞིག་བྱུང་འདུག་པས་མཚོན་པའི་དེ་དུས་ཀྱི་ས་སྐྱ་པའི་བསྟན