[A:༨༠བ] འགྲོ་བ་དང་། ཕྱི་དྲོ་ཕུ་ལ་འགྲོ་བ་གཟིགས་པ་ན། སྔ་མོར་དཔལ་ཆེན་ཕོ་བྲང་དུ་རྡོ་རྗེ་ཕུར་བའི་གསུང་བསྙེན་མཛད་པའི་ཚེ། དཀར་མོ་ཉི་ཟླ་དང་བདུད་ཀྱི་རྒྱལ་པོ་འཁོར་དང་བཅས་པ་གཟིགས་སྣང་ལ་ཤར་བ་དང་། འདི་རྣམས་ཆ་ལུགས་འདྲ་བ་འདུག་ཅིང་། ཐུགས་རྒྱུད་ཀྱང་གཅིག་པ་སྲིད་སྙམ་དུ་དགོངས་ནས། གཞི་བདག་ཀླུ་མོ་དཀར་མོ་བདུད་ཀྱི་རྟ་པ་བཅོ་བརྒྱད་དང་བཅས་པ་ལ་བཀའ་བསྒོ་མཛད་དེ། སྒྲུབ་སྡེ་ཁྱད་པར་ཅན་འདི་མི་ཉམས་ཤིང་ཡུན་དུ་གནས་པ་དང་། སྒྲུབ་པོ་རྣམས་ཀྱང་བར་ཆད་མེད་ཅིང་མཐུན་རྐྱེན་འཛོམ་པ་དང་། བསྟན་དགྲ་གདུག་པ་ཅན་རྣམས་མྱུར་དུ་ཚར་གཅོད་པའི་འཕྲིན་ལས་སྒྲུབས་ཤིག་ཅེས་བཀའ་བསྒོས་པ་ན། གཞི་བདག་རྣམས་ཀྱིས་ཀྱང་དེ་ལྟར་དུ་ཁས་བླངས་པར་བརྟེན་དེའི་གཏང་རག་ཏུ་དམིགས་ནས་བསང་ཡིག་རྒྱས་པར། གཞི་བདག་ཀླུ་མོ་དཀར་མོ་དང་། །བདུད་ཀྱི་རྟ་པ་བཅོ་བརྒྱད་ལ། །འཁོར་དང་ཡང་བྲན་འབུམ་བཅས་སོགས། །བྱས་