[A:༨༦ན]ཀྱི་སྐབས། ལན་ཅིག་ཐོ་རངས་ཀྱི་ཆ་ཞིག་ལ་སྔགས་འཆང་ཉིད་ཀྱི་གཟིགས་སྣང་ལ། བསེ་འབག་ནག་པོ་འཕུར་ཤེས་སྔགས་འཆང་ཉིད་ཀྱི་དྲུང་དུ་བྱོན་ཏེ། ད་ནི་ང་ལ་བཅོས་ཀ་བྱེད་རན་པར་འདུག་པས་ལུས་ཡོན་པོ་འདི་ཁར་མ་ཞོག་པ་ཤིན་ཏུ་འདྲོངས་པར་འཆོས་ཤིག ཅེས་གསུངས་པ་ཞིག་བྱུང་བས། དེའི་ནངས་པར་སྔགས་འཆང་ཉིད་ཀྱིས་སྒོ་རུམ་གཟིམ་སྤྱིལ་དཀར་པོར་བྱོན་ཏེ། བསེ་མགོན་ཆེན་པོའི་སྐུ་ལ་གཟིགས་པ་ན། སྔ་མོ་ནས་ཡོད་པའི་སྐུ་འབག་གཡས་ཕྱོགས་སུ་ཅུང་ཟད་ཡོ་བ་དེ། སླར་ཆེར་སོང་འདུག་པ་དང་། སྙན་ཤལ་གཡོན་པ་ལ་ཡང་སྔ་མོ་ནས་ཆག་གྲུབ་ཅུང་ཟད་འདུག་པ་དེ་རྣམས་འཆོས་དགོས་པར་དགོངས་ནས། དེ་མ་ཐག་གཟིམ་སྤྱིལ་དཀར་པོ་ཉིད་དུ་མགོན་པོའི་ལྗགས་བསྙེན་ཁ་གསོ་ཞག་བདུན་མཛད་དེ། གཞན་གྱི་སྣང་ངོར་ཕྱག་ལེགས་པར་བསིལ་ནས། བླ་མ་གོང་མའི་དམ་རྫས་རིལ་བུ་དང་། རྟེན་འདམ་