[A:༩༠ན]པའི་ཚེ་ཡང་། ལས་མཁན་གྱི་སྤྲུལ་པའི་བལ་པོ་ཤྲཱི་ཛྙཱ་ན་ཟེར་བ་ཞིག་གློ་བུར་དུ་བྱུང་ནས། ཟངས་ཀྱི་ཉམས་གསོ་གྲུབ་མ་ཐག་བལ་པོ་དེ་གར་སོང་ཆ་མེད་དུ་གྱུར་པས། ལས་མཁན་གྱི་སྤྲུལ་པ་ཟངས་ཉིད་ལ་ཐིམ་པ་ཡིན་ཡང་དག་གོ་ཞེས་གྲགས་ཤིང་། མདོར་ན་དམ་ཅན་མོན་བུ་པུ་ཏྲ་ཉིད་སྔགས་འཆང་བླ་མ་ཉིད་དང་འབྲལ་མེད་ཀྱི་ཚུལ་དུ་བཞུགས་ནས་རྣམ་འཕྲུལ་སྣ་ཚོགས་པ་སྟོན་པ་དང་བཅས་འཕྲིན་ལས་རྣམས་བསྒྲུབས་པར་ངེས་ཏེ། སྐབས་ཤིག་ཐུགས་སྲས་རྒྱལ་ཚབ་དམ་པ་སྔགས་འཆང་གྲགས་པའི་མཚན་ཅན་ལ། ཉིད་ཀྱི་སྐུ་འབག་ཁམས་གསུམ་ཟིལ་གནོན་གནང་བའི་དུས་སུ། འདི་ལ་པུ་ཏྲ་ཉིད་གཏོར་མ་ལེན་པའི་ཞོར་ལ་དངོས་སུ་ཐིམ་པ་ཡིན་པས་རྩིས་ཆེ་བར་གྱིས་ཞེས་གསུངས་པ་སོགས་རྒྱུ་མཚན་མང་དུ་སྣང་ངོ་། །དེ་ནས་མགོན་ཁང་གི་ཞིག་གསོས་ཕལ་ཆེར་གྲུབ་ཅིང་། པུ་ཏྲ་ཆེན་པོའི་སྐུའི་སྐྱ་བཟོ་ཚར་བ་ན། སྔགས་འཆང་