[A:༣༠ན]ནི་ཁྱེད་ཀྱི་གཏན་འབངས་བགྱི། །ཁྱོད་ཀྱིས་བདག་ལ་ཐུགས་རྗེས་དགོངས། །བདག་ཀྱང་གློ་བ་ཉེ་བར་བགྱིད། །ཅེས་གསོལ་ནས། ལྷ་མོའི་གཡོག་མོ་བྱས་ནས་ལྷ་མོ་ཡིད་ལ་ཅི་དགའ་བྱས་སོ། །དེ་ནས་དུང་སྐྱོང་ལ་ཡང་ཁོལ་མོ་དེ་ལ་རབ་ཏུ་དགྱེས་ནས་གཅེས་པར་བྱེད་དོ། །དེའི་ཚེ་ཡུལ་ལང་ཀ་པུ་རིར་སྤྲེའུ་བ་ལེ་དང་མགྲིན་བཟང་གཉིས་འཐབ་པ་ལ། ལྷ་ཐམས་ཅད་ལྟད་མོ་ལ་འགྲོ་བའི་ཚེ། ལྷ་མོ་ཨུ་མས་བུ་མོ་དུང་སྐྱོང་མ་ལ་འདི་སྐད་ཅེས་སྨྲས་སོ། །དེ་རིང་ཁྱོད་ཀྱི་གན་དུ་སུ་འོང་པ་དེས་ཁྱོད་བསླུ་བར་བྱེད་པས། དེ་ལ་མ་ལྟ་ཞིག་ཅེས་གདམས་ནས་བཞག་གོ །སྐབས་དེར་ཁོལ་མོས་རང་གི་ཞང་པོ་ད་ཤ་གྲི་བ་བོས། སྲིན་པོ་ད་ཤ་གྲི་བས་སྲིན་པོའི་བོང་བུ་གྭ་དམར་ལ་ཞོན་ནས་ལྷ་མོའི་ཕོ་བྲང་གི་སྒོར་ཕྱིན་ནས། སྲིན་པོ་ཁོ་རང་ལྷའི་ཆ་བྱད་ཤིན་ཏུ་གཟུགས་བཟང་ལ་མཛེས་པ་གཅིག་ཏུ་སྤྲུལ། བོང་བུ་ནི་རི་དྭགས་གོ་དོར་སྨུག་པོ་ཞེས་བྱ་