[A:༩༥ན]སྦྲང་ལུང་པའི་མདོ་དེར་ས་མ་སྲིབ་ཙམ་ལ་ཕེབས་པའི་ཚེ། ཆར་མུན་ཡང་ཤིན་ཏུ་ཆེ་བ་འཐིབ་པའི་སྐབས། འཇམ་དབྱངས་དབང་པོའི་མཚན་ཅན་ཉིད་ལ། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་གསུང་གིས། ཁྲི་ཐོག་པ་དཔོན་སློབ་རྣམས་ད་ལྟ་བསམ་ཡས་སུ་སྔོན་བར་ལ་སོང་ལ། ངེད་སླེབས་གདོང་དུ་གཏོར་མ་གྲུབ་པར་གྱིས། རང་རེ་རྣམས་སླེབས་འཕྲལ་ལ་བསྐང་གསོ་གཏོང་བ་ཡིན་པས་རྩོལ་བ་བསྐྱེད་པའི་འབྱོན་ལུགས་མཛོད། བར་ལམ་ལ་རྟོག་པ་ཞིབ་པོ་གྱིས། འོན་ཀྱང་ལམ་རྒྱུས་ལ་རྐང་རྗེས་གསུམ་ཡོང་བ་ཡོད་པས། རྐང་རྗེས་ཆེ་བ་གཉིས་ལ་ངེས་པ་ཆེར་མེད། སོར་བརྒྱད་ཙམ་ཡོད་པ་དེ་ལ་གཏད་ནས་ཕྱིན་པས་འཁྲུལ་པ་གཅིག་ཀྱང་ཡོང་བ་མེད་དོ་གསུངས་བྱུང་བ་ལ། འཇམ་པའི་དབྱངས་དབང་པོའི་མཚན་ཅན་དཔོན་སློབ་རྣམས་ཀྱི་ཐུགས་དགོངས་ལ་ཅི་གསུངས་པ་ཡིན་ནམ། ད་ས་ནི་སྲིབ་ནས་སོང་། ཆར་མུན་འདི་འདྲ་བ་རྐང་རྗེས་ཇི་ལྟར་མཐོང་ངམ་སྙམ་དུ་དགོངས་ནས་