[A:༩༧བ]པོ་དེ་ཀ་ཡིན། ཞེས་གསུངས་པ་འདི་ནི། སྔོན་འཇམ་པའི་དབྱངས་སྐུ་མཆེད་ལ་བྱས་འགྱུར་དུ་བདག་ཉིད་ཆེན་པོས་པུ་ཏྲ་མིང་སྲིང་གསུམ་གྱི་རྗེས་གནང་སྩལ་པ་དེ་ཉིད་ལ་དགོངས་པར་གསལ་ལོ། །ཡང་དུས་ལན་གཅིག་གི་ཚེ་བསྟན་དགྲ་ལྷ་ས་རྫོང་པའི་ངན་རྒྱབ་བྱང་པ་བཀྲ་ཤིས་སྟོབས་རྒྱས་པས་བྱས་ནས་འབྲོག་པ་བརྒྱ་དཔོན་སྨད་པ་རྣམས་ལ་ངན་སློབ་བྱས་ཏེ། རྟ་ཇག་པར་གྲགས་པའི་འབྲོག་པ་རྣམས་ཀྱིས་རྟ་རུ་བ་དང་། ཀོ་འདྲེ་རུ་བ་སོགས་གདན་ས་ཆེན་པོ་ལ་གཏོགས་པའི་སྒོས་རུས་དང་། ས་སྐྱའི་མི་སྡེའི་བ་ཕྱུགས་སོགས་དང་། ཆོས་གཞིས་སོ་སོའི་ཕྱུགས་ལུག་སོགས་འཁྱེར་བཅོམ་ཉིན་རེ་བཞིན་བྱས་ཤིང་། དེ་དང་དུས་མཚུངས་པར་མངའ་རིས་རིག་འཛིན་ཆེན་པོར་གྲགས་པ་དང་། གཤིན་རྗེ་མཁན་པོ་ནུབ་དགོན་པར་གྲགས་པ་དང་། གཞན་ཡང་སྔགས་པ་མཐུ་ཆེ་བའི་རིགས་མང་པོ་ལྷ་ས་རྫོང་དུ་བསྡུས་ཏེ་ངན་གཏད་གྱི་རིགས་མང་པོ་བྱེད་དུ་བཅུག་ཅིང་། བདག་པོ་བཀྲ་ཤིས་སྟོབས་རྒྱས་པ་རང་གིས་གཤིན་རྗེ་ཚེ་བདག་གི་མཆོད་རྟེན་བཅས་ཆོག ཐོད་པ་ཞལ་དབྱེ་སོགས་