[A:༩༨བ]ཟོར་གཏོར་ཆང་ཕུད་དང་བཅས་ཁྱེར་ཏེ། བན་གཙང་བ་བསྙེན་སོང་རྣམས་ལ་བདག་ཉིད་ཆེན་པོའི་གསུང་གིས། ཁྱེད་རྣམས་རེ་མོས་ཀྱིས་ཤཱ་ས་ན་འདྲེན་ཅིང་སྨན་ཞིང་སྟེང་དུ་སོང་ལ་ཆང་ཕུད་འཐོར་ཞིང་། རྐང་གླིང་གསུམ་རེ་བུས་ནས། གཡབ་དར་ལན་གསུམ་བརྡབས་ཏེ་ཟོར་གཏོར་དགྲ་ཕྱོགས་སུ་འཕེན་པར་གྱིས་ཞེས་གསུངས་ནས་ཟླ་བ་གཅིག་ཙམ་དེ་བཞིན་མཛད་ཅིང་། དེ་ནས་བདག་ཉིད་ཆེན་པོས་སྒོ་རུམ་ཡེ་ཤེས་མགོན་པོའི་དྲུང་དུ་ལས་སྦྱོར་གྱི་སྐུ་མཚམས་བདུན་ཕྲག་གསུམ་ཙམ་གནང་ནས། དེ་ནས་མགོན་ཁང་དེ་ཉིད་དུ་ལས་སྦྱོར་དྲུག་ཅུ་པའི་གཏོར་བཟློག་སྐུ་རྐྱང་གིས་བསྒྲུབ་པ་གནང་རྗེས་བན་གཙང་པ་སོགས་དང་བཅས་ཕྱག་ལེན་གནང་ནས། སྔར་གྱི་སྨན་ཞིང་སྟེང་གི་ཟོར་གཏོར་བསྐྱལ་ས་དེ་ནས་འཕེན་པར་མཛད་ཅིང་། དེ་ནས་གདན་སའི་དུས་མདོས་ཆེན་མོ་ཉིད་ནུབ་ཕྱོགས་ལ་ཞལ་བསྒྱུར་བར་གནང་སྟེ། དེ་ཡང་བརྒྱ་དཔོན་བྲང་མོ་ཆེ་བ་སངས་རྒྱས་དཔའ་བོར་གྲགས་པ་དཔལ་མགོན་ཞལ་ལ་མངའ་བརྙེས་པ་ལ་བརྟེན་ནས་ཞལ་གྱི་གཏོར་མ་འཕེན་པར་