[A:༣༡ན]འབུར་སྟོད་སྨད་ཕྱེད་པས་འགྱིངས། །ཁྱེད་འདྲའི་སྐུ་ནི་གཞན་ན་དཀོན། །ལྷ་ཡི་ལོངས་སྤྱོད་མཛེས་པས་མི་བྲེལ་ཡང་། །ཞབས་ཀྱི་ཆས་སུ་ལྕགས་སྒྲོག་འདི་འབུལ་བཞེས། །ཅི་མཛད་ཅི་སྡུག་ཅི་གསུང་ཅི་ཡང་ཉན། །ཁམས་གསུམ་དག་ན་ཁྱོད་འདྲ་ཤིན་ཏུ་དཀོན། །སེམས་ཅན་ཀུན་གྱི་ལྟ་བས་མི་ངོམས་ཁྱོད། །བདག་གི་འབུལ་བ་འདི་བཞེས་གནང་བར་མཛོད། །ཅེས་ཕུལ་བས། ལྷ་མོས་ལྕགས་སྒྲོག་དེ་བླངས་ནས་རང་གི་རྐང་པ་ལ་དཀྲིས་ཏེ་རྒྱན་དུ་བྱས་སོ། །དེ་ནས་ཁོལ་མོས་ཇོ་མོ་དུང་སྐྱོང་མ་ལ་ཞུས་པ། ཀྱེ་ཇོ་མོ་བདེ་མཆོག་དུང་སྐྱོང་མ་བདག་ལ་ཞུ་བ་གཅིག་མཆིས་པ་གནང་ངམ་བྱས་པས། ཁྱོད་བློ་བ་ཉེ་བས་ཅི་ཞུས་པ་གནང་ངོ་ཞེས་ཟེར་བས། ཁོལ་མོས་གསོལ་པ། བདག་གི་ཡུན་གྱི་རྗེར་གྱུར་དུང་སྐྱོང་མ། །ཁྱེད་འདྲ་འཇིག་རྟེན་འདི་དང་གཞན་ན་མེད། །འགྲོགས་