[A:༡༠ན]ཁག་ཆེ་བ་གཉིས་ཡོང་བས་དེ་དུས་རེ་རེ་འཕངས་པས་དོན་འགྲུབ་པར་ཡོང་གསུངས་པའི་ལུང་བསྟན་དང་བཅས་འཇོག་པ་གནང་ཞིང་། དེ་དག་དང་དུས་མཚུངས་གདན་ས་ཆེན་པོར་དྲག་པོའི་ལས་སྦྱོར་འགྲུབ་པའི་ངོ་མཚར་བའི་རྟགས་མཚན་འདི་ལྟར་བྱུང་སྟེ། དེ་ཡང་གདན་ས་ཉིད་ན་གཞིར་བཞུགས་ཀྱི་སྐྱ་སེར་ཕྱོགས་མཐའི་མི་དམངས་ཐམས་ཅད་ཀྱིས་མཐོང་བར། ཧོར་ཟླ་གསུམ་པའི་ཉེར་དགུའི་ནུབ་ས་རུབ་པ་ན། འགའ་ཞིག་གིས་མཐོང་སྣང་ལ་གདན་ས་ཆེན་པོའི་བཞི་ཐོག་ནས་བྱུང་ཟེར་བ་དང་། ལ་ལས་པུ་ཏྲ་ཁང་ནས་བྱུང་ཟེར་བའི་གང་ལྟར་ཡང་ཀུན་གྱིས་མཐོང་བར་གདན་ས་དན་ཁྲོད་ནས་བཙོ་རྫ་མ་ཙམ་ཞིག་བྱུང་ནས་དལ་བུས་ལུང་གྲོག་ཐད་དུ་ཅུང་ཞིག་འདུག་པ་ན། དེ་རྗེས་ཁའུའི་རོང་ནས་ལངས་པ་ལྟ་བུའི་བཙོ་སྔ་མ་ལས་ཉིས་འགྱུར་གྱིས་ཆེ་བ་གཅིག་བྱུང་ནས་སྔ་མ་དེའི་རྗེས་ཙམ་དུ་སླེབས་པ་ན། དེ་ནས་སྡེའི་དཀྱིལ་ནས་བྱུང་པ་འདྲ་བའི་བཙོ་ཤིན་ཏུ་ཆེ་བ་ཞིག་བྱུང་ནས་དབུས་རིའི་ཐད་ཙམ་དུ་མེ་སྟག་མང་པོ་