[A:༡༠༩བ]ཆོས་སྐྱོང་བའི་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ཤིང་། དེ་དག་དང་འབྲེལ་བའི་དྲག་པོ་མངོན་སྤྱོད་ཀྱི་ལས་ཚོགས་ཀྱང་གྲངས་དང་ཚད་མེད་པ་ཞིག་གསུངས་པ་ཡིན་པས། དེ་ན་བློ་དང་ལྡན་ཞིང་བསྙེན་སྒྲུབ་ལས་གསུམ་མཐར་ཕྱིན་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་བསྟན་པ་བསྟན་འཛིན་དང་བཅས་པ་ལ་གནོད་པར་བྱེད་པའི་ལས་ངན་ཅན་རྣམས་ལ་དངོས་སུ་མཚོན་བསྣུན་པ་ལ་སོགས་པ་དང་། གཞན་ཡང་སྔགས་ཀྱི་ལས་སྦྱོར་དང་། མནན་པ་དང་། བསྐྲད་པ་དང་། བསད་པ་ལ་སོགས་པའི་འཁྲུལ་འཁོར་དང་། ངན་སྔགས་དང་། སྨན་གྱི་སྦྱོར་བ་ལ་སོགས་པ་དག་གིས་ཀྱང་གདུག་པ་ཅན་རྣམས་ཚར་གཅོད་པར་བྱ་དགོས་པ་ཡིན་ཏེ། གཤིན་རྗེ་གདོང་དྲུག་གི་རྒྱུད་ལས། བློ་ལྡན་བསྒྲུབ་པོས་སེམས་ཅན་ལ། །ཕན་པའི་བསམ་པས་སྲོག་མི་བཅད། །ཅེས་གསུངས་པའི་རྗེས་སུ། གདུག་པ་ཅན་ལ་ལྡོག་སྟེ་བྱ། །དངོས་སུ་འམ་ཡང་ན་སྔགས་དང་གཞན། །འཁྲུལ་འཁོར་དང་ནི་ཏིང་ངེ་འཛིན། །སྨན་གྱིས་ཀྱང་ནི་བྱ་