[A:༡༡༤ན] ཁོ་བོ་ཅག་གིས་རྗེ་ཉིད་ཀྱི་དྲུང་དུ་བྱས་འགྱུར་བླ་བྲང་ནུབ་ཀྱི་མགོན་ཁང་ཁྱད་པར་ཅན་དེར། གུར་མགོན་ལྷ་བརྒྱད། དཔལ་མགོན་ཞལ་ཁྲ་ཅན། པུ་ཏྲ་མིང་སྲིང་གསུམ་གྱི་རྗེས་གནང་རྣམས་ཞུ་བའི་དུས་རྗེ་ཉིད་ཀྱི་གསུང་ལས། ཁ་སང་བྱས་འགྱུར་གྱི་མཎྜལ་ན་མོན་པ་མིང་སྲིང་གསུམ་གར་བྱེད་ཀྱི་འདུག་པ་འཚུབ་མ་ཞིག་ཏུ་སོང་ནས་བྲག་འདི་ལ་ཐིམ་སོང་བ་ད་རེས་རྗེས་གནང་འདི་བྱེད་པའི་རྟེན་འབྲེལ་དུ་འདུག་གསུངས་པ་སོགས་ཀྱིས་ཤེས་སོ། །གཞན་ཡང་སྔ་མོའི་དུས་ཡར་ལུང་བཀྲ་ཤིས་རྩེའི་ཆོས་སྡེ་གསར་པ་ན། རྗེ་ཚར་ཆེན་གྱི་དངོས་སློབ་རྗེ་གཞོན་ནུ་བློ་གྲོས་བཞུགས་པའི་དྲུང་དུ། བདག་ཉིད་ཆེན་པོས་ས་སྐྱ་པའི་ཆོས་སྐྱོང་གུར་ཞལ་གཉིས་ཀྱི་ཟབ་ཆོས་སྙན་བརྒྱུད་ཁྱད་པར་ཅན་རྣམས་བུམ་པ་གང་བྱོར་གསན་པར་བཞེད་ནས། ཆོས་སྐོར་གཞན་རྣམས་གསན་གྲུབ་རྗེས། མགོན་པོའི་གསང་ཁྲིད་སླར་འབུལ་བར་བཞེད་ནས། རྗེ་གཞོན་ནུ་བློ་གྲོས་པའི་གསུང་གིས། གསང་ཁྲིད་འདི་