[A:༣༢བ]ཁྱོ་སྲིན་པོ་ད་ཤ་གྲི་བ་ཤིའོ། །དེ་ནས་ནག་མོ་དུང་སྐྱོང་མ་ཡང་ཡུགས་སའི་ཆ་བྱད་དུ་བྱས་ཏེ། སྐྲ་མདུན་སྐྲ་རལ་བ་གཅིག་ཏུ་ལྷས་སོ། །བྲན་མོ་ཕུར་པའི་ལྷ་ཡང་ཨུ་མ་དེ་ཝའི་དམོད་པས་བསྡིགས་པས། སྲིན་པོའི་ཕག་རྫི་བྱེད་ཙམ་ན། ཕག་རྫི་བོམ་བུ་སྤྲིན་བྱ་བས་དབང་མེད་དུ་ཆགས་པ་སྤྱད་པས། ཕུར་བ་ལྷ་ལ་ཡང་ནལ་བུ་སྦྲུམ་མོ། །དེ་ནས་དཔོན་གཡོག་གཉིས་ཀྱིས། སྲིན་ཟངས་ཀྱི་ཆུ་བསྐོལ་ནས་སྲིན་ཕྲུག་ལྔ་བརྒྱ་དེར་བསྐྱུར་ནས་བསད། སྲིན་པོའི་བོང་བུ་གྭ་དམར་ཡང་བརྐུས་ནས་བཞོན། ད་ཤ་གྲི་བའི་རལ་གྲི་སྡིག་པའི་ཡུ་བ་ཅན་བརྐུས་ནས་ལག་པ་གཡས་སུ་ཐོགས་ཏེ་རྐང་པའི་ལྕགས་སྒྲོག་བཅད། སྲིན་པོ་སྲིན་གླང་དམར་པོར་བརྫུས་ནས་བྱུང་བ་རལ་གྲིས་སྐེ་བཅད། ཡ་འགལ་ལ་བོང་སྒའི་སྔ་རུ་བྱས། མ་འགལ་ལ་ཕྱི་རུ་བྱས། ལྤགས་པ་ལ་སྒ་གཡོགས། རྒྱུ་མ་ལ་གོང་སྨེད་བྱས། སྲིན་པོའི་ནོར་བུ་རིན་པོ་ཆེ་