[A:༡༢༢བ]ཅག་གི་བླ་མ་དུས་གསུམ་སྒྲིབ་མེད་དུ་གཟིགས་པའི་རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན་ཞེས་མཚན་ཡོངས་སུ་གྲགས་པའི་རྡོ་རྗེ་འཆང་མིའི་སྐུ་གཟུགས་ཅན་དེ་ཉིད་ལ་རྡོ་རྗེའི་ཆོས་སྐྱོང་ཡེ་ཤེས་ཀྱི་སྤྱན་ལྡན་རྣམས་ཀྱིས་ཞལ་མངོན་སུམ་དུ་བསྟན་ནས་བཀའ་ལས་ཅུང་ཟད་ཀྱང་མི་འདའ་ཞིང་འཕྲིན་ལས་མཐའ་ཡས་པ་བསྒྲུབས་པའི་ཚུལ་ནི། དེ་ཡང་རྗེ་འདི་དགུང་ལོ་བདུན་ཅུ་རྩ་གཉིས་སུ་ཕེབས་པ་གླང་གི་ལོ་ཁོ་བོ་ཅག་ཞབས་དྲུང་དུ་སླེབ་རྒྱུའི་སྔ་ཆར་དགེ་སློང་བྱམས་པ་དཔལ་དང་། རྗེ་དབོན་སངས་དར་སོགས་དྲུང་ན་གནས་པ་རྣམས་ལ་རྗེའི་གསུང་ལས། དེ་རིང་གཟའ་སྐར་བཟང་ངན་ཅི་ཡོད་ཀྱང་དེ་ལ་ལྟོས་པ་མེད། མདང་ནུབ་བླ་བྲང་འདིར་ངེད་རང་ས་སྐྱ་ཞབས་དྲུང་དང་མཇལ་ཞིང་། བཞིན་རས་དང་དབྱིབས་ཚུལ་འདི་ལྟར་འདུག་ཅེས་དངོས་སུ་གཟིགས་པ་ལྟར་སྒྲ་ཇི་བཞིན་དུ་གསུངས་པ་ནི། ཁོ་བོ་ཅག་རྗེ་ཉིད་ཀྱིས་འོད་གསལ་གྱི་ངང་ནས་གཟིགས་པར་གདོན་མི་ཟ་བར་འདུག་ཅིང་། ལྷག་པར་བླ་བྲང་