[A:༡༢༨བ]ཡང་ཉམས་རྟོགས་ཀྱི་མངའ་བདག་ཆེན་པོར་བཞུགས་པས་ན། དེའི་ཆོས་སྐྱོང་གིས་འཕྲིན་ལས་བསྒྲུབས་པའི་མཚན་མར་སྣང་ལ། གཞན་ཡང་ཆོས་སྐྱོང་རྣམས་ལ་བཀའ་བསྒོ་མཛད་པའི་ནུས་པས་འབྱུང་པོ་གདུག་པ་ཅན་གནས་སྤར་བའི་ཚུལ་ནི། གདན་ས་ཆེན་པོར་ཕེབས་པའི་སྐབས་ཤིག ཡབ་རྗེ་ཆོས་ཀྱི་རྒྱལ་པོའི་གསོལ་དཔོན་ཞིག་ལ་རྐང་པ་ན་བའི་རྐྱེན་གྱིས་མཁས་བཙུན་བཟང་གསུམ་སུས་ཀྱང་འདུལ་བར་མ་ནུས་པའི་ཇོ་བོ་ཤར་པར་གྲགས་པའི་སྟོབས་ལྡན་གྱི་འབྱུང་པོ་དེ་གནོད་པས་ཤིན་ཏུ་ཉེན་པར་གྱུར་པ་ན། སྔགས་འཆང་གྲགས་པའི་མཚན་ཅན་གྱི་གསུང་གིས། ཁྱེད་རང་རྗེ་མུས་པ་འདི་ལ་གེགས་སེལ་བྱིན་རླབས་ཤིག་ཞུས་ན་ལེགས་པར་འདུག་པའི་ལུང་བསྟན་སྩལ་པར་བརྟེན། གསོལ་དཔོན་མ་བུ་གཉིས་རྗེ་འདིའི་དྲུང་དུ་བྱུང་བའི་ཚེ་གདོན་གྱི་སྐྱོན་ཡིན་པ་མཁྱེན་ནས། བླ་མ་བརྒྱུད་པའི་བྱིན་རླབས་ཤིག་མཛད་པའི་ཀུན་བཟང་ཆོས་ཀྱི་ཉི་མ་ཞེས་མཚན་བརྗོད་པས། མ་ཆེན་ནད་པ་དེ་དྲན་