[A:༡༣༣བ]མཛད་བྱུང་པས། དེའི་བྱིན་རླབས་ཀྱི་ཟིལ་གྱིས་རང་གི་ལུས་སྐྱི་ཕུང་བྱེད་པ་དང་། སེམས་ལ་དགའ་བདེ་ཁྱད་པར་ཅན་སྐྱེས་ཤིང་། འདི་ལྟ་བུའི་སྣང་ཚུལ་ནི་རང་ཡང་སྐལ་བ་བཟང་བ་དང་བླ་མ་འདི་ཡང་སྤྲུལ་པའི་སྐུ་ཡིན་པ་ལ་ཐེ་ཚོམ་མི་དགོས་པ་འདུག་སྙམ་པའི་བཅོས་མིན་གྱི་དད་པ་དུང་དུང་སྐྱེ་བ་ཞིག་བྱུང་ཞིང་། ཡང་དུས་དེར་ལྷ་ཁང་རྩེའི་གསང་བའི་མགོན་ཁང་ཁྱད་པར་ཅན་དེའི་གཉན་མགོན་བྲམ་ཟེའི་གཟུགས་ཅན་གྱི་སྐུ་བརྙན་འབུར་སྐུའི་དྲུང་དུ་མཆོད་བཤམས་མཛད་ནས། ཞལ་བཞི་པ་བསྒྲུབ་དུས་ཀྱི་རྗེས་གནང་རྒྱས་པ་དང་། བྲམ་ཟེའི་སྔགས་གཏད་གནང་བའི་ཚེ། ཅུང་ཟད་རྩུབ་འགྱུར་ཆེ་བ་དང་བཅས་རྟགས་ཡ་མཚན་ཆེ་བ་ཞིག་རྨི་ལམ་དུ་ཤར་བས་བློ་བདེ་བར་བྱུང་ཞིང་། བླ་མ་དང་ཆོས་སྐྱོང་ལ་ཡིད་ཆེས་ཀྱི་དད་པ་ཐུན་མོང་མ་ཡིན་པ་ཞིག་དེ་དུས་སྐྱེས་པ་ཡིན་ལ། ཡང་ངོས་ཅག་གི་རྣམ་འདྲེན་དམ་པ་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པ་ནི། ངེས་