[A:༡༣༦ན]གསུངས་ཤིང་། གཞན་ཡང་འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། མཁན་ཆེན་དབང་ཕྱུག་དཔལ་བཟང་། རྗེ་ཀླུ་སྒྲུབ་རྒྱ་མཚོ། མུས་ཆེན་རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། རྗེ་འགྱུར་མེད་བདེ་ཆེན། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། རྗེ་དབང་ཕྱུག་རབ་བརྟན་སོགས་གཙོ་བོར་གྱུར་པའི་ཆོས་གསན་པའི་བླ་མ་ཐམས་ཅད་ལ་ཐུགས་དད་བཅོས་མིན་འཁྲུངས་པས། སོ་སོའི་རྣམ་ཐར་གསུང་དུས་ཕྱག་ཐལ་མོ་སྦྱོར་བ་དང་། སྤྱན་ཆབ་གཡོ་བ་སོགས་མཛད་བྱུང་པ་ན། གཞན་རྒྱུད་ལ་ཡང་དད་པ་དབང་མེད་དུ་སྐྱེས་པ་མྱོང་བས་གྲུབ་ཅིང་། ལྷག་པར་མུས་ཆེན་འཇམ་པའི་དབྱངས་དཀོན་མཆོག་རྒྱ་མཚོ་ལ་ངེད་ཀྱི་རྩ་བའི་བླ་མ་ཡིན་གསུངས་ནས་ཐུགས་དད་ལྷག་པར་ཆེ་བས། རྗེ་དེ་ཉིད་ཀྱི་སྐུ་འདྲ་ཕྱག་ནས་མ་ཞིག་ཀྱང་འབྲལ་སྤངས་དུ་མཛད་ཅིང་། རང་གཞན་གྱི་དོན་གལ་ཆེ་བ་ཀུན་ལ་ཡང་རྗེ་མུས་ཆེན་ཁོ་ན་ལ་