[A:༡༣༨བ]པ་སོགས་ཀྱི་སྣང་བ་བྱུང་གསུངས་བ་ནི། ཆོས་རྒྱལ་འཕགས་པ་རྗེ་འདི་སྐུའི་སྐྱེ་བ་མང་པོའི་བླ་མར་འདུག་པས་ཐུགས་རྗེས་འབྲལ་མེད་དུ་སྐྱོང་བའི་མཚན་མར་གསལ་ཞིང་། མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱིས་འཕྲིན་ལས་བསྒྲུབ་པའི་ཚུལ་ཡང་། ས་སྐྱར་ཕེབས་རེས་བཞིན་སྒོ་རུམ་སོགས་མགོན་ཁང་རྣམས་སུ་ཆེད་གཏད་བྱོན་ནས་བསྟན་པ་རྒྱས་པ། བསྟན་འཛིན་སྐུ་ཚེ་བརྟན་པ། འཇིག་རྟེན་བདེ་བ་སོགས་ཀྱི་འཕྲིན་ལས་བཅོལ་བ་དང་བཅས་ཐུགས་དམ་བསྐང་གསོ་རྒྱས་པར་གནང་བ་ཞིག་འདུག་པས། ལན་ཅིག་དེ་རྣམས་གནང་ནས་ཡུན་རིང་མ་ལོན་པའི་དུས་ཤིག་ན། ས་སྐྱ་པའི་བསྟན་པ་ལ་ལོག་སྒྲུབ་བྱེད་པའི་སྟོབས་ལྡན་མ་རུངས་པ་ཞིག་བསྟན་སྲུང་རྣམས་ཀྱིས་ཚར་བཅད་པའི་ཚུལ་མནལ་ལམ་དུ་གསལ་བར་ཤར་འདུག་པ་དང་། ཡང་ལན་ཅིག་ནང་སོ་པུ་ཏྲ་ཁང་དུ་ཐུགས་དམ་མཛད་པའི་ནུབ་ལས་མཁན་ཆེན་པོ་ཉིད་བནྡེ་སྣུམ་བག་ཅན་ཞིག་གི་ཚུལ་དུ་བྱུང་ནས། བྱང་ཁོག་གི་རྗེ་རང་གི་