[A:༣༥ན]གྲོང་ཁྱེར་གསེར་སྡིང་སྐྱེད་མོས་ཚལ་ཞེས་བྱ་བའི་དུག་ཤིང་ནག་པོ་འགྱུར་མེད་ཀྱི་རྩ་བར། བདུད་རེ་ཏི་འགོང་གཡག་དང་། བདུད་མོ་དྲན་པ་དབང་མེད་གཉིས་བྱི་བྱས་པ་ལས། ཞག་བདུན་ཅུ་རྩ་གཅིག་ན་བུ་མོ་གཅིག་སྐྱེས་པ་ནི་ཁོལ་མོ་རེ་མ་ཏི་ཉིད་ཡིན་ཏེ། དེའི་མིང་ཕས་ནི་སྲིད་པ་གསུམ་གྱི་བློ་འཕྲོག་མར་བཏགས། མས་ནི་ཡ་མཚན་འཕྲུལ་གྱི་གཤོག་པ་ཅན་དུ་བཏགས། བདུད་ཕ་མ་གཉིས་ཀྱི་བུ་མོ་གཅིག་པོ་ཡིན་པས། སྐྲ་ཉག་མ་རེ་ལ་གསེར་དང་བཻཌཱུ་རྻའི་ཆུན་འཕྱང་བཏགས། རིན་པོ་ཆེའི་དབུ་རྒྱན་དང་། ཉི་ཟླའི་འོད་གདེངས་དང་། ཐོད་པའི་མགུར་ཆུ་དང་། སྦྲུལ་གྱི་གདུབ་བུས་བརྒྱན་ཏེ། བྱི་བྱས་པའི་ནལ་ཕྲུག་ཡིན་པས་སྦས་པའི་ཚུལ་དུ། བདུད་ཀྱི་རིན་པོ་ཆེ་སྣ་ལྔའི་ཁང་བུའི་དབུས་སུ་ཐོད་པའི་གཞལ་ཡས་ཁང་བྱས། དེའི་ནང་དུ་ཐོད་སྦྲུལ་གྱི་གུར་ཁང་ཕུབ། དེའི་ནང་དུ་ཁང་པ་བདུན་བརྩེགས་ཀྱི་དབུས་མི་རོ་འབུམ་གྱི་ཁྲིའི་སྟེང་དུ། བུ་མོ་དེ་སུས་ཀྱང་མ་མཐོང་