[A:༡༤༥ན]ལ་ནི་དཀྱིལ་ཆོག་རྒྱ་གཞུང་བྲམ་ཟེས་མཛད་པ་ཡོད་ཅིང་། བཅུ་བདུན་མའི་དབང་ནི་རྒྱུད་དུར་ཁྲོད་ནག་པོའི་ལྷ་བསྐྱེད་པའི་ལེའུས་བཅུ་བདུན་མའི་དཀྱིལ་འཁོར་དང་། དབང་གི་ལེའུས་དབང་བསྟན་པ་ཡིན་ལ། ལྷ་བརྒྱད་མ་དང་བཅུ་གཉིས་མའི་དབང་ལ་ཡིག་སྣ་རྗེ་བཙུན་གོང་མས་མཛད་པ་མི་སྣང་ཞིང་། གསན་ཡིག་སོགས་ན་ཐེབ་མ་ཐེབ་ཅི་རིགས་པ་འབྱུང་ཡང་། གང་ལྟར་དམ་པས་མཛད་པའི་བྲིས་སྐུ་དང་། ཀ་པཱ་ལའི་ཤོག་རིལ་ལས་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་འདི་ཉིད་བྲམ་ཟེ་མཆོག་སྲེད་ཀྱི་ཞལ་གཟིགས་ལྟར་ལྷ་གསུམ་མ་དང་། རྒྱ་གཞུང་ལྟར་ལྷ་ལྔ་མའམ། བླ་མ་བྲག་སྟེང་པའི་ཁྱད་ཆོས་ལྷ་བཅུ་གཉིས་མའམ། བླ་མ་མལ་ལོའི་ཁྱད་ཆོས་ལྷ་བརྒྱད་མའམ། ལོ་ཙཱ་བ་རིན་ཆེན་བཟང་པོའི་བཞེད་པ་ལྟར་ལྕམ་དྲལ་གཉིས་ཡུམ་དང་བཅས་པ་ལ་གཙོ་བོར་མཛད་པའི་ལུགས་གང་ཡང་རུང་བ་གཅིག་གི་དཀྱིལ་འཁོར་དུ་དབང་བཞི་མཐའ་